Friday, 18 May 2012

སེམས་འཚབ།

རང་རྒྱལ་སྐྱིད་པའི་གངས་ལྗོངས་དེ།།
རང་ཤེད་ཆེ་བའི་རྒྱ་མིས་འཕྲོག།
རང་དབང་ལུང་པར་སླེབས་ན་ཡང་།།
རང་ཡུལ་གངས་ལྗོངས་རྟག་ཏུ་དྲན།།
 
རང་སྐད་སྦྱོང་བའི་ཐོབ་ཐང་ནི།།
རང་རིགས་ཚོ་ལ་མེད་ནས་འདུག།
རང་བཙན་མྱུར་ཙམ་མ་བླངས་ན།།
རང་ཅག་གཞན་མིར་འགྱུར་ཉེན་འདུག།

རང་བཞིན་ངན་པའི་རྒྱ་དམར་གྱིས།།
རང་འདོད་ཁོ་ན་གཉེར་བཞིན་འདུག།
རང་མིས་འཐབ་རྩོད་མ་བྱས་ན།།
རང་སྲིད་ཀྱང་ནི་དཀའ་མོ་གདའ།།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།