Monday, 7 May 2012

བཙན་བྱོལ་བའི་ལག་རྗེས།


ཕ་ས་མི་ལ་ཤོར་ནས།།
མི་ཡུལ་འགྲིམ་དགོས་བྱུང་སོང་།།
རང་དབང་ལུང་པའི་ནང་ནས།།
སྐད་ཀྱི་རང་དབང་ཤོར་སོང་།།


ཡི་སྒྲ་འི་སྒྲ་ཡོད་བཞིན།།
ཀ་ཀྱི་ཟེར་མཁན་མང་བ།།
ཡང་སྒྲ་འང་སྒྲ་ཡོད་བཞིན།།
བྷི་སྒྲ་བཀོལ་མཁན་མང་བ།།

སྐད་ཆ་རེ་རེའ་མཐའ་ན།།
རཱ་རེ་སྦྱོར་མཁན་མང་བ།།
ང་ཡིས་ཟེར་རྒྱུའི་ཚབ་ལ།།
ངས་གིས་ཟེར་མཁན་མང་བ།།

ཉེར་མཁོའི་ཅ་དངོས་དག་ལ།།
བོད་བརྡ་མེད་པ་མིན་ཡང་།།
དབྱིན་ཧིན་ཤེས་ངོམ་བྱས་ཏེ།།
སྐད་ལ་བསྲེ་ལྷད་བཅུག་གི།།

བོད་ཀྱི་སྐད་ཡིག་གཉིས་པོ།།
བོད་པའི་བླ་སྲོག་ཡིན་ན།།
སྐད་ལ་བསྲེ་ལྷད་བཅུག་པ།།
རང་ཤི་མིན་ན་ཅི་ཡིན།།


1 comment:

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།