Friday, 26 July 2024

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།།

ཀུན་ལས་ལྷག་པ་རེད་འདུག།

གང་ལ་གང་དགོས་སྟེར་བའི།།

དམིགས་བསལ་ཉིན་མོ་རེད་འདུག།


འཁྲབ་བཟོ་ཡོད་པའི་མི་ལ།།

ངོམ་པའི་དུས་ཚོད་རེད་འདུག།

ལྟད་མོར་དགའ་བའི་མི་ལ།།

བལྟ་བའི་དུས་ཚོད་རེད་འདུག།


སྒོར་མོ་མཁོ་བའི་མི་ལ།།

སྒྲུབ་པའི་དུས་ཚོད་རེད་འདུག།

རྩེད་རོགས་འཚོལ་བའི་ཕྲུ་གུར།།

རག་པའི་དུས་ཚོད་རེད་འདུག།


ལུས་རྩལ་དགོས་པའི་མི་ལ།།

རྩེ་བའི་དུས་ཚོད་རེད་འདུག།

ཁམས་གཡེང་འདོད་པའི་མི་ལ།།

བྱེད་པའི་དུས་ཚོད་རེད་འདུག།


དབྱིངས་ལ་དགའ་བའི་མི་ལ།།

སྟོན་པའི་དུས་ཚོད་རེད་འདུག།

མིང་གྲགས་དགོས་པའི་མི་ལ།།

ཐོབ་པའི་དུས་ཚོད་རེད་འདུག།


མདོར་ན་རེས་གཟའ་ལྷག་པ།།

ཀུན་གྱིས་དགའ་བ་རེད་འདུག།

ཀུན་གྱིས་རེ་སྒུག་བྱེད་པའི།།

ཁྱད་འཕགས་ཉིན་མོ་རེད་འདུག།


༢༠༢༤།༠༦།༡༢ ཉིན་ལྷག་དཀར་སྒོར་ལ་ལྟ་ཞོར་དུ་གང་དྲན་ཡི་གེར་བཀོད་པའོ།།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།