སློབ་འཁྲིད་བྱ་བར་འཇུག་པའི་ཚེ།།
དགུན་གནང་དུས་དེ་འཆར་བའི་དུས།།
ཀློག་འདོད་ཆེ་བའི་དཔེ་དེབ་འགའ།།
བཀླག་རྒྱུའི་འཆར་འགོད་སེམས་ནས་འཐེན།།
དངོས་སུ་དགུན་གནང་ཤར་ཙ་ན།།
འཕྲོ་ལུས་ཅན་གྱི་བྱ་བ་འགར།།
ཁོམ་པ་ཡོད་ཚད་ཐོགས་པ་ལས།།
དཔེ་དེབ་ཀློག་པའི་སྐབས་མ་ཐོབ།།
དུས་ཡུན་ཅུང་ཟད་ལྷག་པའི་ནང་།།
ཉིན་མ་འདི་ལྟར་འདས་གྱུར་ན།།
བདག་གི་ཐོས་ཉུང་ཀླད་པ་འདི།།
ཐོས་པས་བཀྲེས་ནས་ལུས་ཉེན་འདུག།
ལྷིང་འཇགས་མེད་པའི་ཧི་ལ་དང་།།
དོགས་སློང་སྙིང་སྟོབས་ལ་སོགས་པ།།
ཀློག་འདོད་སྐོམ་པ་ཆུ་འདོད་བཞིན།།
ཡོད་ཀྱང་ཀློག་པའི་དུས་མ་བྱུང་།།
འཇུག་སྐྱོང་བྱ་དགོས་བྱ་བ་དག།
གང་མགྱོགས་རྫོགས་པར་བྱས་ནས་ནི།།
སེམས་ཀྱི་འཆར་འགོད་ཇི་ལྟ་བར།།
དཔེ་ཀློག་ལས་ལ་ཞུགས་ན་ལེགས།།
http://shetsik.blogspot.in/2012/02/blog-post_396.html
ReplyDeleteདྲ་ཐག་འདིར་ལན་ཞིག་བཞག་ཡོད་པས། གཟིགས་རོགས།