སྨྲ་ལ་ལོབས་པར་གྱུར་ན་ནི།།
གཞན་སེམས་དཀྲུགས་པའི་ཉེན་ཡོད་པས།།
མ་སྨྲ་ཀ་མེད་མ་ཐུག་ཚེ།།
སྨྲ་ལ་འཛེམ་པ་དོན་གྱི་གནད།།
ཀུན་སློང་ཤེལ་གཙང་ལ་འགྲན་ཡང་།།
རེ་ཡིད་མཁའ་ལྟར་ཡངས་ན་ཡང་།།
གོ་ལོག་ཅན་གྱི་མི་བུ་ལ།།
གོ་སྐོན་བྱེད་པའི་ལས་དེ་སྤོངས།།
ལྟ་དུས་སྤྱོད་ལོག་མཐོང་ན་ཡང་།།
དོན་དུ་ཡིན་པས་ཁྱབ་པ་མེད།།
མཐོང་བ་ཡང་དག་མ་བཟུང་བར།།
རང་སེམས་སྲུངས་ཤིག་ཨ་མའི་བུ།།
༢༠༡༢།༡༠།༡༨
No comments:
Post a Comment