མཐེབ་སྡེར་གཅིག་ནི་ཡོད་ན་ཡང་།།
དྲ་འབུ་མང་བས་བཀོལ་སྤྱོད་དཀའ།།
གཅིག་ནས་དྲ་འབུ་ལྡུག་བཞིན་དུ།།
གཅིག་ནས་གཙང་བཟོའི་ལས་དེ་དཀའ།།
གཉིས་ཀར་འབུ་སྨན་ཡོད་གྱུར་ན།།
དཀའ་བའི་གནས་འདིར་ལྷུང་དོན་མེད།།
གཅིག་ལ་འབུ་སྨན་མེད་པ་ལས།།
གནས་འདིར་གྱར་བ་མ་ཡིན་ནམ།།
ཁེ་བཟང་གཉེར་ལས་མི་ཤེས་པའི།།
འབུ་བཟོའི་ཚོགས་པར་སེམས་ནས་སྡང་།།
བདག་ལ་དབང་ཞིག་ཡོད་གྱུར་ན།།
ལས་དེ་ངེས་པར་དགག་ངེས་ལགས།།
No comments:
Post a Comment