Saturday, 30 April 2016

ཁ་ཁོག

ཁ་ལ་མ་ཎི་ཡོད་པ་ལས།།
ཁོག་ལ་སྙིང་རྗེ་ཡོད་པ་དགའ།།
ཁ་ལ་བཀའ་དགོངས་ཡོད་པ་ལས།།
ཁོག་ལ་དྲང་བདེན་ཡོད་པ་དགའ།།

Thursday, 14 April 2016

དྲང་གཏམ་གྱི་དཔའ་བོ།

དྲང་པོའི་གཏམ་གྱི་ཕྱིར་དུ་སྲོག་དབང་ཡང་།།
གཏོང་བར་མཛད་ལ་བག་ཚ་མི་མངའ་བའི།།
དྲང་གཏམ་དཔའ་བོ་ནམ་མཁའི་ནོར་བུ་དང་།།
ཐུབ་བསྟན་ཕུན་ཚོགས་གཉིས་ལ་མངོན་པར་བསྟོད།།

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།