Thursday, 14 April 2016

དྲང་གཏམ་གྱི་དཔའ་བོ།

དྲང་པོའི་གཏམ་གྱི་ཕྱིར་དུ་སྲོག་དབང་ཡང་།།
གཏོང་བར་མཛད་ལ་བག་ཚ་མི་མངའ་བའི།།
དྲང་གཏམ་དཔའ་བོ་ནམ་མཁའི་ནོར་བུ་དང་།།
ཐུབ་བསྟན་ཕུན་ཚོགས་གཉིས་ལ་མངོན་པར་བསྟོད།།


དྲང་པོའི་གཏམ་ནི་ནོར་བུ་ལ་བཟུང་སྟེ།།
དེ་ཉིད་འཚོལ་ལ་འབད་པ་བརྒྱ་བསྟེན་པའི།།
དྲང་གཏམ་དཔའ་བོ་ནམ་མཁའི་ནོར་བུ་དང་།།
ཐུབ་བསྟན་ཕུན་ཚོགས་གཉིས་ལ་མངོན་པར་བསྟོད།།

དྲང་པོའི་གཏམ་ལས་ཕྱི་རོལ་གྱུར་པ་ཡི།།
དྲང་མིན་གཏམ་ནི་གཞར་ཡང་མི་གསུང་བའི།།
དྲང་གཏམ་དཔའ་བོ་ནམ་མཁའི་ནོར་བུ་དང་།།
ཐུབ་བསྟན་ཕུན་ཚོགས་གཉིས་ལ་མངོན་པར་བསྟོད།།


སྤུན་མཆེད་ཅིག་གིས་བསྐུལ་བའི་ངོར་ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༠༤ ཚེས་ ༡༢ ཉིན་བྲིས་ཤིང་ཅུང་ཟད་བཅོས་ཏེ་འདིར་བཀོད་པའོ།།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།