ཁ་ལ་མ་ཎི་ཡོད་པ་ལས།།
ཁོག་ལ་སྙིང་རྗེ་ཡོད་པ་དགའ།།
ཁ་ལ་བཀའ་དགོངས་ཡོད་པ་ལས།།
ཁོག་ལ་དྲང་བདེན་ཡོད་པ་དགའ།།
ཁ་ལ་ཞབས་ཞུ་ཡོད་པ་ལས།།
ཁོག་ལ་ལྷག་བསམ་ཡོད་པ་དགའ།།
ཁ་ལ་སྤུན་ཟླ་ཡོད་པ་ལས།།
ཁོག་ལ་དགའ་སྡུག་ཡོད་པ་དགའ།།
ཁ་ལ་བོད་སྐད་ཡོད་པ་ལས།།
ཁོག་ལ་དུང་བ་ཡོད་པ་དགའ།།
ཁ་ལ་ཞེ་ས་ཡོད་པ་ལས།།
ཁོག་ལ་གུས་བརྩི་ཡོད་པ་དགའ།།
ཁ་ལ་བཟང་སྤྱོད་ཡོད་པ་ལས།།
ཁོག་ལ་ཁྲེལ་གཞུང་ཡོད་པ་དགའ།།
ཁ་ལ་གྲོགས་པོ་ཡོད་པ་ལས།།
ཁོག་ལ་བསམ་ཤེས་ཡོད་པ་དགའ།།
ཁ་ལ་སོན་རྩ་ཡོད་པ་ལས།།
ཁོག་ལ་བྱམས་བརྩེ་ཡོད་པ་དགའ།།
ཁ་ལ་བཀའ་དྲིན་ཡོད་པ་ལས།།
ཁོག་ལ་ཚོར་བ་ཡོད་པ་དགའ།།
ཕྱི་ལོ་ ༢༠༡༦ ཟླ་ ༠༤ ཚེས་ ༣༠ ཉིན་བྲིས།
No comments:
Post a Comment