Thursday, 6 September 2018

བསྟོད་གླུ་ཡིད་ཀྱི་སྨོན་པ།

ནང་དོན་རིག་པས་གཙོ་བོར་གྱུར་པ་ཡི།།
ཐ་སྙད་རིག་གནས་ལ་ཡང་མངའ་བརྙེས་པའི།།
བསླུ་མེད་བླ་མ་གྲུ་པ་རིན་པོ་ཆེ།།
སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས་པར་སྨོན།།

སྙན་གྲགས་ཆེ་བའི་གཙུག་ལག་སློབ་ཁང་ནས།།
ཚན་རིག་སོགས་ལའང་གསན་བསམ་ལེགས་མཛད་པའི།།
དོན་གྱི་མཁས་པ་གྲུ་པ་རིན་པོ་ཆེ།།
སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས་པར་སྨོན།།

གནའ་དེང་ཟུང་གི་རིག་གནས་ལ་བརྟེན་ནས།།
འགྲོ་བ་གྲངས་མེད་བདེ་ལ་འགོད་ངེས་པའི།།
མཁས་གྲུབ་སྐྱེས་བུ་གྲུ་པ་རིན་པོ་ཆེ།།
སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས་པར་སྨོན།།

དྲ་གྲོགས་ཤིག་གིས་བསྐུལ་ངོར་ཤར་མར་བྲིས།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།