Saturday, 21 July 2018

ཆང་ཁང་ནང་གི་ཆིག་ལབ།

ད་གིན་ཚོགས་འདུའི་ནང་ལ་ཡོད།།
ད་ལྟ་ཆང་ཁང་ནང་ལ་ཡོད།།
ཡོད་མཁན་མི་དེ་གཅིག་ཡིན་ཡང་།།
ཡོད་ས་ཡོད་ཚུལ་ག་ལ་གཅིག།

ད་གིན་སྤྱི་པའི་གནད་དོན་གླེང་།།
ད་ལྟ་སོ་སོའི་གནས་བབ་བརྟག།
དམིགས་པ་མི་གཅིག་ཐ་དད་བཞིན།།
སེམས་ཀྱི་ཚོར་བ་ག་ལ་གཅིག།

ད་གིན་བལྟས་ན་ཤེས་ལྡན་པ།།
ད་ལྟ་བལྟས་ན་ཅང་མེད་པ།།
དུས་དང་རྣམ་པའི་ཁྱད་ཙམ་ལས།།
ནང་གི་མི་ནི་གཅིག་ཏུ་ཟད།།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།