ནམ་དུས་རྒན་མོའི་འགྲེ་ལོག་གཅིག་གིས།།
ཁ་དབུགས་དེ་ཡི་ཚ་གྲང་བརྗེས་སོང་།།
གྲང་རེག་རྩུབ་མོས་ལུས་པོ་གདུང་དུས།།
ཉལ་གཟན་སུམ་བརྩེགས་འོག་ཏུ་འཛུལ་ཡང་།།
གྲང་བའི་སྣང་བ་སླར་ཡང་གནས་སོང་།།
ཉལ་གཟན་ལྗིད་ཀྱིས་ལུས་པོ་གནོན་ཡང་།།
དྲོ་རྒྱུ་མེད་པར་སེམས་པ་འཚིགས་སོང་།།
མི་ཡུལ་འགྲིམས་པའི་དུས་ཡུན་རིང་ནས།།
གྲང་བཟོད་ནུས་པ་ཡལ་ནས་མི་འདུག།
བོད་དུ་ཡོད་དུས་ཁ་བ་འབབ་ཀྱང་།།
གྲང་སྡུག་མྱངས་པ་དྲན་རྒྱུ་མི་འདུག།
ཞོགས་པ་གཉིད་ལས་སད་པའི་ཚེ་ན།།
ཆུ་འཁྱགས་འབྱུག་དགོས་སེམས་ཁྲལ་ལྕི་མོས།།
འཁོབས་པའི་ལུས་ཐོག་རྒྱ་མ་སྟོང་གི།།
འཁྱོག་པར་དཀའ་བའི་ལྗིད་ཅིག་སྣོན་འོང་།།
ཕྱི་རུ་གཡེང་བར་གྲང་རླུང་འདྲེ་ཕོས།།
རྐང་ལག་གཉིས་ལ་གྲང་མཚོན་འདེབས་ཅིང་།།
ཤིང་ཁང་གུ་དོག་ནང་དུ་འཛུལ་བར།།
མི་འདོད་མི་ལ་བཙན་ཤེད་བྱེད་ཀྱི།།
ཡ་རེ་ང་། ཁྱེད་རང་ཟླ་ཤས་རིང་བཟོད་བསྲན་གྱིས་དང་། ཁྱེད་ལ་ཉལ་གཟན་སུམ་བརྩེགས་ཡཡོད་པ་ལ་དགའ་བ་བསཝྒོམ་དགོས། ཁ་ཤས་ལ་གནམ་འདི་འདྲ་གྲང་ཀྱང་གྲོན་རྒྱུ་མེད་པ་ཤི་ཡི་ཡོད། ཧ་ཧ་རང་ལ་སེམས་གསོ་བྱེད་པའི་ཁུལ་ཡིན།
ReplyDelete