ལྷ་བྲིས་ལོ་རིམ་དང་པོ་ལ།
བག་ཡོད་བསམ་ཤེས་ལྡན་པ་ཁྱེད་ཚོ་ནི།།
གླིང་འདིར་བཀྲ་ཤིས་བསུ་བའི་ཕོ་ཉ་ཡིན།།
ད་ཡོད་མ་འགྱུར་རྒྱུན་བསྲིངས་འབད་བྱས་ཏེ།།
རང་སྐྱིད་གཞན་སྨོན་གླིང་ཞིག་བསྐྲུན་པར་འཚལ།།
ལྷ་བྲིས་ལོ་རིམ་གཉིས་པ་ལ།།
པ་ཀུལ་སློབ་གྲྭས་བདག་ལ་རིན་མེད་དུ།།
ཟས་གོས་གནས་མལ་སྦྱིན་པ་བཀའ་དྲིན་ཆེ།།
ཁྱེད་ཀྱི་མཚན་དང་རྫས་ལ་མ་ཕན་ཡང་།།
གནོད་པའི་བྱ་ངན་མི་བརྩམ་དམ་བཅའ་ཡོད།།
འཚེམ་ཁང་ལོ་རིམ་གསུམ་པ་ལ།
གང་དུ་སླེབས་ཀྱང་རང་གི་བཟང་པོའི་གཤིས།།
འདོར་བར་མི་བྱ་གཅེས་སུ་འཛིན་པར་འཚལ།།
སྲོག་ལྟར་གཅེས་པའི་བོད་ཀྱི་སྐད་ཡིག་ལ།།
བརྙས་པར་མི་བྱ་རྟག་ཏུ་སློབ་པར་འཚལ།།
No comments:
Post a Comment