Monday, 5 December 2011

རང་བཟོས་དྲི་ཤོག

པ་ཀུལ་བོད་ཁྱིམ་ལག་ཤེས་སློབ་གཉེར་ཁང་།
2011 ལོའི་བོད་ཀྱི་སྐད་ཡིག་ལོ་འཁོར་ཡིག་རྒྱུགས་དྲི་ཤོག
འཛིན་གྲྭ། ལྷ་བྲིས་ལོ་རིམ་དང་པོ།                         དུས་ཚོད། ཆུ་ཚོད་ 03།00                                བརྒྱ་ཆ། 50
ཀ)    ལན་ཤོག་སྤྱི་ཡོངས་ཀྱི་ཡིག་གཟུགས་དང་གཙང་སྦྲ་ལ་བརྒྱ་ཆ་ལྔ་ཡོད། 5

ཁ)    གཤམ་གསལ་ཚིག་སྒྲུབ་ནང་གི་འོག་ཐིག་བརྒྱབ་པ་ཁག་ལ་དག་བཅོས་བྱོས། 1x5=5
1།       འབྲི་དེབ་དང་སྨྱུག་གུ་མ་ཁྱེར་བར་འཛིན་གྲྭར་འགྲོ་ན་ག་ལ་འགྲིག
2།       བོད་ཡིག་འཛིན་གྲྭའི་ནང་དུ་ནག་པང་དྲུ་བཞི་རིང་པོ་ཞིག་འདུག
3།       ཕོ་ལོ་བཅུ་བརྒྱད་ལོན་ཕྱིན་ཁེ་གྱོང་དབྱེ་འབྱེད་ཐུབ་པ་དགོས།
4།       བོད་ནས་སླེབས་པའི་ཕྲུ་གུ་ཕལ་ཆེ་བའི་འཁུར་ཚོས་དམར་པོ་རེད་འདུག
5།       བཞེས་ཉིན་ང་ལྡི་ལི་རུ་གཅིག་འགྲོ་དགོས་ཡོད།

ག)    གཤམ་བཀོད་ཚིག་སྒྲུབ་ཁག་ལེགས་པར་བཀླགས་ཏེ་བར་སྟོང་དུ་གཡས་ཀྱི་འདམ་ག་ལས་གང་འོས་ཤིག་བདམས་ནས་བསྐང་དགོས། 10x1=10
1།       ངས་ད་ལྟ་བོད་ཡིག་ཡིག་ཚད་           བཞིན་ཡོད། (བྲི།  བྲིས།  འབྲི།)
2།       ཁོས་ང་ལ་སྐད་ཆ་གལ་ཆེན་ཞིག་          རྒྱུ་ཡོད་ཟེར། (བཤད།  ཤོད།)
3།       ཁ་སང་ངས་གསར་འགྱུར་རིང་པོ་ཞིག་         པ་ཡིན། (ཀློག   བཀླག   ཀློགས།  བཀླགས།)
4།       བོད་དགེས་དྲི་ཤོག་ལ་ཡག་པོ་བྱས་ནས་          ཨང་ཞེས་གསུངས་བྱུང་།  (ལྟ།  བལྟ།   ལྟོས།  བལྟས།)
5།       ཐོབ་ཐང་རེ་ལེན་རྗེས་ལས་འགན་རེ་ངེས་པར་དུ་          དགོས། (འཁུར།  ཁུར།)
6།       ད་གིན་རྩེད་མོ་         བའི་སྐབས་སུ་ང་ལ་ཆུ་ཚོད་ཅིག་རྙེད་སོང་། (བརྩེ། བརྩེས། རྩེ། རྩེས།)
7།       གདོང་པ་གཙང་མར་          ན་གྲུང་ཤ་དོད་དུ་འགྲོ། (བཀྲུས།  ཁྲུས།  བཀྲུ།  འཁྲུད།)
8།       ཁོས་གད་མོ་ཞིག་             ནས་ཕྱིན་སོང་། (བགད།  དགོད།)
9།       དགུན་ཁའི་དུས་སུ་ཆུ་ལ་         རྩིས་མེད། (རྐྱལ།  རྐྱོལ།)
10།     བོད་ཡིག་ཡག་པོ་སྦྱངས་ན་ངས་དགའ་བསུའི་ལག་པ་ནམ་ཡང་          ངེས་ཡིན། (བརྡབ།  རྡེབ།  བརྡབས།  རྡོབས།)

ང་)   ཁྱེད་ལ་ཅ་དངོས་གང་ཡང་རུང་བ་ཞིག་རྙེད་པའི་རྙེད་སོན་བརྡ་ཐོ་ཆ་ཚང་བ་ཞིག་བྲིས། 1x5=5

ཅ)    གཤམ་བཀོད་དྲི་བ་ཁག་ལ་ལན་བྲིས། 10x1=10
1།       ལེགས་བཤད་ལྗོན་དབང་གི་མཛད་པ་པོ་སུ་ཡིན་ནམ།
2།       ཁོང་ནི་དུས་རབས་ག་ཚོད་ཀྱི་མཁས་པ་ཞིག་ཡིན་ནམ།
3།       ལེགས་བཤད་ལྗོན་དབང་འདི་སུམ་ཅུ་པ་དང་རྟགས་འཇུག་གཉིས་ལས་གང་གི་འགྲེལ་བ་ཡིན་ནམ།
4།       བླ་མ་མཆོག་དང་དབྱེར་མེད་པའི།   །ཞེས་པའི་བླ་མ་དེ་སུ་ལ་གོ་དགོས་སམ།
5།       ཕྲད་ལ་དབྱེ་ན་ག་ཚོད་ཡོད་དམ།
6།       ད་ཡང་འཇུག་གི་རྗེས་སུ་རྫོགས་ཚིག་གི་ཕྲད་གང་ཞིག་སྦྱར་དགོས་སམ།
7།       ལ་དོན་གྱི་ཕྲད་ངོས་འཛིན་བྱོས།
8།       རྗེས་འཇུག་ང་ད་ན་མ་ར་ལ་བཅས་ཀྱི་རྗེས་སུ་ལ་དོན་གྱི་ཕྲད་གང་ཞིག་སྦྱར་དགོས་སམ།
9།       ལྷ་བྲིས་སྦྱོང་དུ་སླེབས་ཞེས་པ་འདི་རྣམ་དབྱེ་གང་གི་དཔེར་བརྗོད་ཡིན་ནམ།
10།     ཨི་ལྡན་གྱི་རྣམ་དབྱེ་ག་ཚོད་ཡོད་དམ།

ཆ)    གཤམ་བཀོད་ཚིག་སྒྲུབ་ཁག་གི་བར་སྟོང་དུ་གཡས་ཀྱི་གུག་རྟགས་ནང་གི་མངག་བཀོད་ལྟར་ཕྲད་དམ་རྣམ་དབྱེ་གང་འོས་རེ་བྲིས། 10x1=10
1།       2012 ལོར་གཞིས་བྱེས་ལྷན་འཛོམས་འབྱུང་སྲིད་     ། (རྫོགས་ཚིག)
2།       སངས་རྒྱས་ཤཱཀྱ་ཐུབ་པས་ལྔ་སྡེ་ལ་ཆོས་བསྟནད་    ། (རྫོགས་ཚིག)
3།       རང་ས་ནས་པ་ཀུལ་སློབ་གྲྭའི་ཆེད་དུ་ལས་ཀ་སྣ་རེ་སྒྲུབ་ཐབས་བྱ་    ། (རྫོགས་ཚིག)
4།       ཕྱི་རོལད་     ཕྱིན་ན་མཐོང་རྒྱ་ཆེ་རུ་འགྲོ། (ལ་དོན།)
5།       ལག་ཏུ་ཁོག་ལྟིར་བསྐུར་ནས་ཇ་ལེན་    བཏང་། (ལ་དོན།)
6།       གནམ་གཤིས་ཚ་    འགྲོ་ན་དགའ་བ་ལ། (ལ་དོན།)
7།       པ་ཀུལ་སློབ་གྲྭ་    ང་ཚོར་མཐུན་རྐྱེན་གནང་གི་འདུག (ཨི་ལྡན།)
8།       པ་ཀུལ་སློབ་གྲྭ་   མཐུན་རྐྱེན་ཡག་པོ་འདུག (ཨི་ལྡན།)
9།       གནམ་གཤིས་གྲང་བའི་རྐྱེན་    སློབ་ཕྲུག་ཚོས་དུག་ལོག་འཐུག་པོ་གྱོན་འདུག (ཨི་ལྡན།)
10།     པ་ཀུལ་སློབ་གྲྭ་འདི་སློབ་གྲྭ་གཞན་ལས་ལྡབ་ཁ་ཤས་    བཟང་བ་འདུག (ཨི་ལྡན།)

ཇ)    གཤམ་བཀོད་བརྗོད་གཞི་གསུམ་ལས་གང་རུང་གཅིག་གི་ཐོག་རང་རྩོམ་བྲིས། 1x5=5
1། པ་ཀུལ་གྱི་འཚོ་བ།
2། 2012 ལོར་བོད་ལ་རང་བཙན་ཐོབ་ན།
3། ང་རང་གི་ལོ་རྒྱུས།



བཀྲ་ཤིས་ལོ་ལེགས་ཤོག

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།