Monday, 5 December 2011

རང་བཟོས་དྲི་ཤོག་གཉིས་པ།

པ་ཀུལ་བོད་ཁྱིམ་ལག་ཤེས་སློབ་གཉེར་ཁང་།
2011 ལོའི་བོད་ཀྱི་སྐད་ཡིག་ལོ་འཁོར་ཡིག་རྒྱུགས་དྲི་ཤོག
འཛིན་གྲྭ། ལྷ་བྲིས་ལོ་རིམ་ལྔ་པ།                                 དུས་ཚོད། ཆུ་ཚོད་ 03།00                              བརྒྱ་ཆ། 50
ཀ)    ལན་ཤོག་སྤྱི་ཡོངས་ཀྱི་ཡིག་གཟུགས་དང་གཙང་སྦྲ་ལ་བརྒྱ་ཆ་ལྔ་ཡོད། 5

ཁ)    གཤམ་གསལ་ཚིག་སྒྲུབ་ནང་གི་འོག་ཐིག་བརྒྱབ་པ་ཁག་ལ་དག་བཅོས་བྱོས། 1x5=5
1།       པ་ཀུལ་སློབ་གྲྭའི་འཁོར་ཡུག་མིག་ལ་མཛེས།
2།       མཆོད་གཏན་ལ་སྐོར་བ་བྱེད་མཁན་རྒྱུན་མི་ཆད་པ་འདུག
3།       བོད་ཡིག་འཛིན་ཁང་དུ་ཅོག་ཙེ་དང་རྐུབ་བཅག་མང་པོ་འདུག
4།       ལོ་མ་འཇང་ཁུ་དེ་ཚོ་ཤིང་སྡོང་ཐོག་ཏུ་ལྷག་འདུག
5།       མི་སྙིང་པའི་ཁོག་ཏུ་བསམ་བློ་གསར་པ་དང་རེ་བ་གསར་པ་བཅུག་དགོས།

ག)    གཤམ་བཀོད་ཚིག་སྒྲུབ་ཁག་གི་བར་སྟོང་དུ་གཡས་ཀྱི་འདམ་ག་ལས་གང་འོས་ཤིག་བདམས་ཏེ་བྲི་དགོས། 10x1=10
1།       ལོ་ལྔའི་རིང་ང་ཚོས་ལྷ་བྲིས་         པ་ཡིན། (སྦྱོང་།  སྦྱངས།   སྦྱོངས།  སྦྱང་།)
2།       ཐང་ག་ལ་ཚོན་ཏོག་ཙམ་       རྒྱུ་བསྡད་ཡོད། (བཏང་།  གཏང་།  གཏོང་།  ཐོངས།)
3།       འཛིན་གྲོགས་ཚོས་དྲི་བ་ཁག་ལ་དྲིས་ལན་        བཞིན་འདུག (བྲི།  བྲིས།  འབྲི།)
4།       དགེ་ལགས་ཀྱིས་དྲི་བ་ཡག་པོ་བྱས་ནས་        ཨང་གསུངས་སོང་། (བཀླག  ཀློགས།  བཀླགས།  ཀློག)
5།       བསམ་བློ་        དུས་དྲི་བ་ཕལ་ཆེ་བ་ལས་སླ་པོ་འདུག (གཏོང་།  བཏང་།  ཐོངས།  གཏང་།)
6།       ཞོགས་ཇ་        ནས་ཞལ་འདོན་ལ་ཕྱིན་པ་ཡིན། (བཏུང་།  ཐུངས།  བཏུངས།  འཐུང་།)
7།       ང་ཚོ་གནས་སྐོར་ལ་        གྲབས་ཡོད། (སོང་།  འགྲོ།  ཕྱིན།)
8།       ད་ལྟ་ང་ཚོས་སྨྱུ་གུས་རྩེད་མོ་        བཞིན་པ་ཡིན། (བརྩེས།  བརྩེ།  རྩེ།  རྩེས།)
9།       དུས་འཁོར་དབང་ཆེན་སྐབས་གུར་གྱི་ནང་དུ་        རྒྱུ་རེད། (བསྡད།  སྡོད།)
10།     བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་        པ་ཡིན། (འདེབས།  གདབ།  ཐོབ།  བཏབ།)

ང་) པ་ཀུལ་སློབ་གྲྭའི་དབུ་འཛིན་མཆོག་ལ་གལ་ཆེའི་ལས་དོན་ཞིག་གི་རྐྱེན་པས་རྡ་ས་རུ་འགྲོ་དགོས་ཡོད་ཚུལ་བཤད་ནས་ཉིན་གསུམ་རིང་དགོངས་འཁྲོལ་ཞུ་བའི་དགོངས་ཤོག་ཆ་ཚང་བ་ཞིག་བྲིས། 1x5=5

ཅ)    གཤམ་བཀོད་དྲི་བ་ཁག་ལ་དྲིས་ལན་ཐུང་ངུ་རེ་བྲིས། 5x1=5
1།       དཀའ་གནད་གསལ་བའི་མེ་ལོང་དེ་སུས་བརྩམས་པ་རེད་དམ།
2།       དཀའ་གནད་གསལ་བའི་མེ་ལོང་དེ་སུམ་ཅུ་པ་དང་རྟགས་འཇུག་གཉིས་ལས་གང་གི་འགྲེལ་བ་རེད་དམ།
3།       དཀའ་གནད་གསལ་བའི་མེ་ལོང་དེ་དུས་རབས་ག་ཚོད་ནང་བརྩམས་པའི་འགྲེལ་བ་ཞིག་རེད་དམ།
4།       དཀའ་གནད་གསལ་བའི་མེ་ལོང་དུ། དབྱེར་མེད་བླ་མའི་ཞབས་བཏུད་ནས།  །ཞེས་པའི་བླ་མ་དེ་སུ་ལ་གོ་དགོས་སམ།
5།       དཀའ་གནད་གསལ་བའི་མེ་ལོང་གི་རྩོམ་པ་པོའི་བརྩམས་ཆོས་གཞན་ཞིག་གི་མིང་བྲིས།

ཆ)    གཤམ་བཀོད་དྲི་བ་བདུན་ནས་ལྔ་ལ་ལན་བྲིས། 5x3=15
1།       གསལ་བྱེད་སུམ་ཅུ་ཐམ་པ་དེ་སྡེ་ཚན་ལྔ་རུ་དབྱེ་ཚུལ་ཇི་ལྟར་ཡིན་ནམ།
2།       སྔོན་འཇུག་ལྔ་ཡི་རྟགས་ཀྱི་དབྱེ་ཚུལ་ཇི་ལྟར་ཡིན་ནམ།
3།       མགོ་ཅན་ཡོད་ན་མ་གཏོགས་སྔོན་འཇུག་བ་ཡིག་མི་འཐོབ་པའི་མིང་གཞིའི་ཡི་གེ་དེ་དག་ངོས་འཛིན་བྱས་ཏེ་འཐོབ་ཚུལ་གྱི་དཔེར་བརྗོད་རེ་བྲིས།
4།       སྔོན་འཇུག་ད་ཡིག་དེ་མིང་གཞིའི་ཡི་གེ་ཀ་དང་།    ང་། པ།  བ།  མ་བཅས་དྲུག་ལ་འཐོབ་ཀྱི་ཡོད་ན།  འཐོབ་ཚུལ་གྱི་དཔེར་བརྗོད་རེ་བྲིས།
5།       སྔོན་འཇུག་འ་ཡིག་དེ་མིང་གཞིའི་ཡི་གེ་ཁ་དང་།  ཇ།  ཏ།  ཕ།  ཝ།  ཞ།  འ།  ར།  ཤ།  ཨ་བཅས་བཅུའི་ནང་ནས་ག་ཚོད་ལ་འཐོབ་བམ།  འཐོབ་སའི་མིང་གཞི་དེ་དག་རེ་རེ་ནས་ངོས་འཛིན་བྱོས།
6།       སྔོན་འཇུག་ལྔ་པོའི་སྒྲ་གདངས་དྲག་ཞན་གྱི་ཁྱད་པར་འཇོག་ཚུལ་དེ་ཇི་ལྟར་ཡིན་ནམ།
7།       བདག་གཞན་གྱི་སྐོར་ལ་གང་ཤེས་ཤིག་བྲིས།

ཇ)    གཤམ་བཀོད་བརྗོད་གཞི་གསུམ་ལས་གང་རུང་གཅིག་ལ་རང་རྩོམ་བྲིས། 1x5=5
       1། པ་ཀུལ་སློབ་གྲྭའི་བཀའ་དྲིན།
         2། མ་འོངས་མི་ཚེའི་འཆར་གཞི།
         3། ང་ཡི་སེམས་ཁྲལ་ཆེ་ཤོས།


བསམ་དོན་ལྷུན་འགྲུབ་ཤོག



No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།