བསམ་ཤེས་ཀྱི་གཤིན་སའི་ཐོག།
ཡིད་ཆེས་ཀྱི་གདུང་བརྟན་ཞིང་།།
བདེ་སྐྱིད་ཀྱི་མགྲོན་བསུ་བའི།།
བུ་མོ་དེ་མཛའ་མོར་རྟོགས།།
- གངས་རྟ།
མཛེས་སྡུག་སྤྱོད་བཟང་ལ་སོགས་ཁྱད་འཕགས་མེད་མོད་ཀྱང་།།
ཕོ་མོའི་བསྐོས་ཐང་ལས་ཀྱིས་མི་གཅིག་ཤེས་པའི་ཁར།།
སྐྱིད་སྡུག་ཇི་ཡོང་མཉམ་འཁུར་བསམ་བློ་སྨིན་འགྱུར་ན།།
བརྩེ་འོས་ཚེ་གཅིག་མཛའ་མོར་སྙིང་ནས་མ་བསྐུར་ཅི།།
- ལྷ་ཤིང་ཤུག་པ།
སྐྱོ་དུས་སེམས་གསོ་གཏོང་བའི་སྙིང་ཉེ་དང་།།
དགའ་དུས་སྤྲོ་བ་སྤེལ་བའི་གྲོགས་མོ་དེ།།
ན་དུས་ནད་གཡོག་རྒྱུག་པའི་བསྟན་ཚེ་ཁྱེད།།
ཁྱིམ་དུ་དྲོ་སྐྱིད་བསུ་བའི་ཐབ་ཀ་ཡིན།།
- དུག་ཆུ།
རིག་འཛིན་ཚངས་དབྱངས་རྒྱ་མཚོའི་མགུར་ལ་འགྲན་ནུས་མིན།།
འཛིན་མའི་ཁྱོན་དང་བདག་གི་མཛའ་མོའི་ངོས་འཛིན་དེ།།
སྒྲོལ་མའི་དཔལ་ཡོན་དག་ལ་བསྡུར་བར་མི་ཕོད་ཀྱང་།།
མ་བཅོས་སྐྱེད་མའི་བརྩེ་སེམས་དང་མཚུངས་ང་ཡི་མཛའ།།
- ལྷ་བྱ།།
སྐྱོ་དུས་ཀྱི་སེམས་ཀྱི་རྨ་ཁ་དེ།།
གསོ་བྱེད་པའི་བཅོས་མིན་སེམས་ཁུར་དང་།།
ལྷད་མེད་པའི་བརྩེ་བའི་འོ་ཆུ་དག།
སྦྱིན་བྱེད་པོ་བརྩེ་ལྡན་མཛའ་མོར་འདོད།།
- ལྕུག་ཕྲན།
བདག་ཡིད་ཀུན་གསལ་ངོས་ལ་ཉི་མ་ཞིག།
རྟག་ཏུ་འཚེར་ལས་གཞན་ནི་ཡོད་སྐབས་བྲལ།།
སྨིན་ལེགས་ཁུ་བྱུག་གསུང་སྙན་མངའ་བ་དེ།།
ལས་ཀྱིས་བསྐོས་པའི་བདག་གི་བུ་འཁྲིད་ལགས།།
- ཟླ་བའི་དགྲ།
བརྩེ་བ་སེམས་ཀྱི་ས་བོན།།
བྱམས་པ་སེམས་ཀྱི་མྱུ་གུ།།
ལྷ་བྱ་འདབ་བཟང་ཁྱེད་ཀྱིས།།
ཆར་ཆུ་འདྲེན་རོགས་གནང་དང་།།
- ཕ་ལྦ།
གྲོགས་འདུས་ཀྱི་སྐལ་བཟང་ཤར་བའི་དུས་སྐབས་ཤིག་ལ་རང་ཉིད་ཐེ་བའི་གྲོགས་པོ་ཚོས་རྩེད་མཚར་གྱི་ཚུལ་དུ་བྲིས།
No comments:
Post a Comment