Sunday, 8 April 2012

མུན་པས་བཏུམས་པའི་གངས་རི།


ནག་པོས་དཀར་པོ་བཅོམ་སོང་།།
སྣུམ་པོ་སྐྱ་བོར་བསྒྱུར་སོང་།།
དམར་པོ་རྩེད་སྤྱད་བྱས་སོང་།།
དཀར་པོའི་དཀར་མདངས་བསྣུབས་སོང་།།


ལྗང་ཁུ་ཐང་ལ་བསྒྱེལ་སོང་།།
སེར་པོ་ཕྱི་རུ་ཕྱུངས་སོང་།།
སྔོན་མོ་སྨུག་པོར་བཅོས་སོང་།།
ལྗང་ཁུའི་ལྗང་མདངས་བསུབས་སོང་།།

ངུར་སྨྲིག་དམར་པོར་ཐིམས་སོང་།།
སྐྱ་བོ་སྔོན་མོར་བྱིངས་སོང་།།
སྐྱ་སེར་སྨག་ཏུ་ལུས་སོང་།།
མུན་པས་གངས་རི་བཏུམས་སོང་།།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།