Thursday, 26 July 2012

ངོ་ཚ་བྲལ་བས་མ་དག་འབྲི།


ཡོད་པོས་རྒྱགས་བཞིན་མ་དག་འབྲི།།
མེད་པོས་ཞུམ་བཞིན་མ་དག་འབྲི།།
ཡོད་པོ་མེད་པོ་སུ་ཡིན་རུང་།།
མ་དག་བོད་ཡིག་འབྲི་ལ་དགའ།།


དབྱིན་ཧིན་ཡི་གེ་འབྲི་བའི་ཚེ།།
དག་ཆར་དང་དོད་གང་གཟབ་བྱེད།།
བོད་ཀྱི་ཡི་གེ་འབྲི་བའི་དུས།།
དག་ཆ་རང་སྣང་གང་དྲན་འབྲི།།

གཞན་སྐད་དབྱིན་ཧིན་ཤེས་ཀྱིན་དུ།།
ཕ་སྐད་མི་ཤེས་ཟེར་བར་ཕོད།།
མ་དག་བོད་ཡིག་འབྲི་བ་དེ།།
ངོ་ཚ་མེད་པའི་རྟགས་སུ་མཐོང་།།

ངོ་ཚ་མེད་པའི་མི་དག་ལ།།
ཚེ་གཅིག་དྲིན་གྱིས་བསྐྱངས་ན་ཡང་།།
རང་རྒྱལ་འདི་ལ་ཕན་པའི་ལས།།
སྒྲུབ་པའི་དུས་ཤིག་ཡོད་རེ་ཤི།།

གདོང་ལ་ངོ་ཚ་ཡོད་པ་དང་།།
སེམས་ལ་རྒྱལ་ཞེན་ཡོད་གྱུར་ན།།
བོད་ཡིག་དག་ཆ་ཚུལ་བཞིན་དུ།།
འབྲི་བའི་ལས་ལ་འབད་ཅིག་ཀྱེ།།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།