Tuesday, 30 July 2013

འཕྱི་ཉལ་འཕྱི་སད།


ཐོ་རེངས་གསུམ་པ་བར་དུ་བསྡད།།
སྔ་དྲོ་དགུ་པའི་ཐོག་ལ་སད།།
ཞོགས་ཟས་མེད་པར་འཛིན་གྲྭར་བསྐྱོད།།
ཨ་སྟོང་རྒྱག་བཞིན་སློབ་འཁྲིད་བྱས།།


ཁོག་ནས་ཙི་སྒྲ་སྒྲོགས་པའི་སྐབས།།
སྟེས་དབང་སྟབས་ལེགས་བྱུང་བ་བཞིན།།
སློབ་དགེ་ཟླ་ཚེས་གནང་བ་ཡི།།
འབྲས་ཟས་ཨིཊ་ལི་ཝོ་ཌ་ཐོབ།།

ཞིམ་པའི་མངར་ཇ་འཐུང་བཞིན་དུ།།
ཨིཊ་ལི་ཝོ་ཌ་ངོམས་པར་བཟས།།
བཀྲེས་པའི་གདུང་བ་བསལ་བ་ཡིས།།
སེམས་ནས་བཀའ་དྲིན་ལྷག་པར་ཚོར།།
༢༠༡༣ ཟླ་ ༠༧ ཚེས་ ༣༠ ཉིན་ཤར་མར་བྲིས།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།