Saturday, 8 February 2014

སེམས་ངལ།

དྲིན་ཆེན་མ་ལོ་ཇེ་རྒས་རེད།།
རྒན་གཡོག་རྒྱུག་འདོད་ཇེ་དྲག་རེད།།
ཕ་ས་དྲན་པ་ཇེ་མང་རེད།།
གཞིས་བྱེས་ལྷན་འཛོམས་ཇེ་འདོད་རེད།།

ཁ་ནས་གཞན་སྐད་ཇེ་ཐལ་རེད།།
ཁོག་ནས་རང་སྐད་ཇེ་བརླག་རེད།།
ལག་ནས་དབྱིན་ཇི་ཇེ་ཤོར་རེད།།
རང་ས་རང་བདག་ཇེ་སྨོན་རེད།།

རང་གི་སྲོལ་བཟང་ཇེ་ཉམས་རེད།།
གཞན་གྱི་ངན་ཤན་ཇེ་ཐེབས་རེད།།
གཞིས་བྱེས་ལྷན་འཛོམས་ཇེ་མཁོ་རེད།།
རང་ངོ་རང་སྲུང་ཇེ་དགོས་རེད།།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།