Tuesday, 6 January 2015

སེམས་ཀྱི་འཁུན་སྒྲ།

བརྩེ་བ་ཡོད་པའི་གནས་ལུགས་སྙན་མོ་ཞིག།
ཁ་ནས་མ་ཎི་བཞིན་དུ་བགྲང་མོད་ཀྱང་།།
དངོས་སུ་བརྩེ་བ་དགོས་པའི་དུས་ཀྱི་ཚེ།།
བརྩེ་བའི་ལྡོག་ཟླ་ལས་པ་ཁོང་ཚོའི་གཤིས།།

ཉམ་ཐག་སྐྱོང་བའི་འོས་འགན་ལྕི་མོ་ཞིག།
ཕྲག་གི་ཐོག་ཏུ་འབབ་པ་ཤེས་མོད་ཀྱང་།།
ཉམ་ཐག་མི་བུ་སྐྱབས་མེད་མགོན་མེད་དུ།།
སྐྱུར་བར་བྱེད་དེ་དེང་གི་ཁོང་ཚོའི་གཤིས།།

ཞབས་ཕྱི་ཞེས་པའི་མིང་ཚིག་བརྗིད་པོ་ཞིག།
ཁ་ནས་ཚམ་ཚོམ་མེད་པར་གླེང་མོད་ཀྱང་།།
ཞབས་ཕྱི་དེ་ཡི་ཟླ་བོར་འོས་པ་ཡི།།
ལས་དོན་མི་གཉེར་དེང་གི་ཁོང་ཚོའི་གཤིས།།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།