Monday, 5 January 2015

ཕྱི་ལོ་ཉིས་སྟོང་བཅོ་ལྔ་བསུ་བ།

ལོ་མ་རླུང་གིས་འདེད་པ་བཞིན།།
ལོ་ཡང་ལོ་ལྟར་འགྱུར་བཞིན་འདུག།
ཉིས་སྟོང་བཅུ་བཞི་རྫོགས་ནས་འདུག།
ཉིས་སྟོང་བཅོ་ལྔ་ཚེས་ནས་འདུག།

ཕྱི་ལོ་གསར་པའི་དུས་ཡུན་ནང་།།
ཡིད་ཀྱི་བསམ་དོན་མང་པོ་ཞིག།
འབད་མེད་ལྷུན་གྱིས་འགྲུབ་པ་ཡི།།
སེམས་ཀྱི་གཏིང་ནས་སྨོན་འདེབས་ཞུ།།

གངས་རིའི་ལྷ་སྐལ་ཆེན་པོ་མཆོག།
གངས་རིའི་ཞིང་དུ་ཞབས་འཁོད་ནས།།
གངས་རིའི་ཕོ་བྲང་དམར་པོ་ནས།།
གངས་རིའི་སྐྱེ་འགྲོར་ཆོས་གསུང་ཤོག།

གཞིས་བྱེས་འཛོམས་པའི་དུས་ཤར་ནས།།
ཕྱོགས་བཞིར་གྲམ་པའི་བོད་མི་རྣམས།།
ཕོ་བྲང་དམར་པོའི་མདུན་ཐང་ནས།།
བདེ་དགར་རོལ་བའི་སྨོན་འདེབས་ཞུ།།

ལོ་ན་མཐོ་བའི་མ་ལོ་ལ།།
རྒན་གཡོག་ཚུལ་བཞིན་ཞུས་བྱས་ཏེ།།
གཞལ་བར་དཀའ་བའི་བཀའ་དྲིན་ཆ།།
ཅུང་ཟད་འཇལ་བར་ནུས་པར་ཤོག།

འདོ་བ་རྟ་ལ་བཞོན་བྱས་ཏེ།།
མཛེས་ཤིང་ཡངས་པའི་རྩ་ཐང་གི།།
མཛེས་སྡུག་མིག་གི་ལོངས་སྤྱོད་དུ།།
སྨིན་པའི་སྨོན་ལམ་ཡང་ཡང་འདེབས།།

ཕྱི་ལོ་ ༢༠༡༥ ཟླ་ ༠༡ ཚེས་ ༠༦ ཉིན་ཤར་མར་བྲིས།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།