Wednesday, 2 December 2015

ལྷ་ས་བོད་ཀྱི་རྒྱལ་ས།

ལྷ་ས་བོད་ཀྱི་རྒྱལ་ས།།
སྐྱིད་ཆུ་སྔོན་མོ་རྒྱུག་ས།།
ཕོ་བྲང་དམར་པོ་འགྱིང་ས།།
འཛམ་གླིང་མི་སྣ་འཁོར་ས།།


ལྷ་ས་བོད་ཀྱི་རྒྱལ་ས།།
གདན་ས་སེར་འབྲས་ཆགས་ས།།
ར་ས་འཕྲུལ་སྣང་བཞེངས་ས།།
ཆོས་ཀྱི་བསྟན་པ་དར་ས།།

ལྷ་ས་བོད་ཀྱི་རྒྱལ་ས།།
དགའ་ལྡན་ཕོ་བྲང་འཛུགས་ས།།
བོད་ཀྱི་དབུ་ཁྲིད་བཞུགས་ས།།
སྲིད་ཀྱི་མངའ་ཐང་རྒྱས་ས།།

ལྷ་ས་བོད་ཀྱི་རྒྱལ་ས།།
མ་འོངས་གཞིས་བྱེས་འཛོམས་ས།།
གངས་སེང་རྒྱལ་དར་སྒྲེང་ས།།
སྲིད་ཞི་ཕན་བདེ་གཏོང་ས།།


གྲོགས་པོ་ཞིག་གིས་བསྐུལ་ངོར་བྲིས།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།