འཛམ་གླིང་ཡུལ་གྲུ་ཀུན་ཏུ།།
འོད་དཀར་སྤྲོ་བའི་རྟ་བདུན།།
གྲུ་འཛིན་གཉིས་པའི་རྩེ་ནས།།
འཆར་བའི་སྨོན་ལམ་འདེབས་ཡོད།།
རིས་མེད་འགྲོ་བ་ཡོངས་ཀྱི།།
འདོད་པ་འཇོ་བའི་ནོར་བུ།།
བསྐལ་བཟང་ཕོ་བྲང་ནང་ནས།།
མཇལ་བའི་སྨོན་ལམ་འདེབས་ཡོད།།
འཕགས་པའི་ཡུལ་དུ་བཞུགས་པའི།།
ཆོས་སྐད་སྒྲོགས་པའི་ལྷ་བྱ།།
གངས་ཅན་ཁ་བའི་ལྗོངས་སུ།།
བྱོན་པའི་སྨོན་ལམ་འདེབས་ཡོད།།
སྤུན་མཆེད་ཅིག་གིས་བསྐུལ་ངོར་བྲིས།
No comments:
Post a Comment