Wednesday, 2 December 2015

སྐུ་ཚེ་ཡུན་རིང་བརྟན་ཤོག

ཤཱཀྱའི་ཆོས་ཀྱི་བདུད་རྩི།།
རིས་མེད་འགྲོ་ལ་སྩོལ་བའི།།
ཤཱཀྱའི་དགེ་སྦྱོང་ཆེན་པོ།།
སྐུ་ཚེ་ཡུན་རིང་བརྟན་ཤོག།


ཞི་བདེའི་འོད་ཟེར་དཀར་པོ།།
གོ་ལའི་ཁྱོན་ལ་སྤྲོ་བའི།།
ཞི་བདེའི་དེད་དཔོན་ཆེན་པོ།།
སྐུ་ཚེ་ཡུན་རིང་བརྟན་ཤོག།

གངས་རིའི་འགྲོ་བ་ཐམས་ཅད།།
བུ་བཞིན་ཐུགས་བརྩེས་སྐྱོང་བའི།།
གངས་རིའི་ལྷ་སྐལ་ཆེན་པོ།།
སྐུ་ཚེ་ཡུན་རིང་བརྟན་ཤོག།


སྤུན་མཆེད་ཅིག་གིས་བསྐུལ་ངོར་བྲིས།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།