Saturday, 4 February 2017

འདྲེ་འདྲའི་སྐྱེ་བོ་འགའ།

ལས་འབྲས་ལྟ་བའི་མིག་ཟུང་རབ་ལྡོངས་ཤིང་།།
དཀར་མིན་བྱ་བ་རྩོམ་ལ་ཐབས་མཁས་པའི།།
ཀླད་མེད་ཁྱོ་དང་འབྲེལ་མེད་ནག་མོ་འགས།།
གཉོམ་ཆུང་མི་མོར་སུན་གཙེར་བཟོས་པ་ཐོས།།

བྱིས་སྙོར་རྒན་བཀུར་ལ་སོགས་བྱ་བ་ཀུན།།
སྐད་ཅིག་སྡོད་པ་བྲལ་ཏེ་བརྩམས་ན་ཡང་།།
ཚད་མེད་གཤེ་དང་ལག་གིས་རྡུང་གྲབས་དང་།།
ནང་ནས་འབུད་གྲབས་ལན་འགའ་བྱས་པ་ཐོས།།

ཁ་ནས་སྙིང་རྗེ་ཡང་ཡང་གླེང་མོད་ཀྱང་།།
ཁོག་ནས་མ་རུང་ཁོ་ན་བསམ་པ་ཡི།།
འདྲེ་འདྲའི་སྐྱེ་བོ་འགའ་ཡི་བྱ་ངན་དག།
རྣ་བར་ལྷུང་བས་སེམས་པ་ཁྲོ་བས་འཚིག།

བུ་མོ་ཆ་ཡོད་ཅིག་ལ་ཁོང་གི་ཁྱོ་ག་དང་གནས་ལ་སོང་ཟིན་པའི་ཁྱོ་གའི་སྲིང་མོ་གཉིས་བཅས་པས་ངན་པ་ལག་སྦྲེལ་བྱས་ནས་བརྙས་བཅོས་ཚད་མེད་བྱས་པའི་གཏམ་དེ་ཐོས་ནས་བྲིས།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།