Saturday, 4 February 2017

གྲོགས་ཆུང་དྲན་པའི་གདུང་དབྱངས།

གྲོགས་ཆུང་བསྟན་འཛིན་བྱང་ཆུབ།།
མ་ཐུག་ཟླ་ཤས་ཕྱིན་སོང་།།
སྐྱིད་སྡུག་གཉིས་ཀའི་དུས་ན།།
གྲོགས་ཆུང་དེ་ཉིད་དྲན་འོང་།།

གཅིག་སེམས་གཅིག་ལ་མཐུན་ཞིང་།།
གཅིག་བཤད་གཅིག་གིས་ཉན་པས།།
ཡིད་གཅུགས་གྲོགས་ཆུང་བྱང་ཆུབ།།
ཡིད་ནས་ཡང་ཡང་དྲན་གྱི།།

གྲོགས་འབྲེལ་ཡིད་འོང་དངོས་ལ།།
ལོ་ཁྱད་རྩིས་མེད་ཡིན་པ།།
གྲོགས་ཆུང་དེ་དང་ཕྲད་ནས།།
ངེས་པ་གཏིང་ནས་རྙེད་བྱུང་།།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།