ཆོལ་གསུམ་བོད་མི་གཅིག་ཡིན།།
དབང་བའི་ལུང་པ་གཅིག་ཡིན།།
བཀོལ་བའི་སྐད་ཡིག་གཅིག་ཡིན།།
ཟ་བའི་ཁ་ཟས་གཅིག་ཡིན།།
གཅིག་དེ་མང་པོར་བགོས་ནས།།
ནང་འཁྲུག་བརྒྱབ་ནས་མ་བཞུགས།།
དགྲ་བོ་རྒྱ་མི་དགའ་བའི།།
ལས་ཀ་རྩ་ནས་མ་གནང་།།
མང་པོ་གཅིག་ལ་བསྒྲིལ་ནས།།
རྩ་དོན་ལས་ལ་བརྩོན་དང་།།
གཞིས་ལུས་སྤུན་ཟླ་མང་པོ།།
ང་ཚོ་བསྒུགས་ནས་བཞུགས་འདུག།
གྲོགས་པོ་ཞིག་གིས་བསྐུལ་ངོར་ཤར་མར་བྲིས།
No comments:
Post a Comment