Monday, 8 January 2018

སློབ་མ་ལ་ཕུལ་བའི་ཡི་གེ།

༄༅།   །བདག་གི་བརྩེ་བའི་སློབ་མ་ཚེ་རིང་སྒྲོལ་མ་ལགས་ཀྱི་དྲུང་དུ།
ཆེད་ཞུ།    སློབ་གྲྭ་འདི་ཡི་དགེ་རྒན་མང་པོ་ཞིག་ཟབ་སྦྱོང་ལ་ཕེབས་པའི་སྐབས་དང་།  སློབ་གྲྭ་ལ་དགེ་རྒན་ཉུང་བའི་གནས་སྐབས་དེ་ལྟ་བུ་ཞིག་ལ་ཁྱེད་ཉིད་དུས་ཐོག་ཆར་པ་བཞིན་སློབ་གྲྭ་འདི་རུ་ཕེབས་ནས་དྭང་བླངས་ཀྱི་སྒོ་ནས་སློབ་འཁྲིད་གནང་སོང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
   
       བདག་ལ་མཚོན་ན།  ཁྱེད་ཉིད་དྭང་བླངས་གནང་དུ་ཕེབས་པ་དེས་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཤིན་ཏུ་ཆེན་པོ་བྱུང་སོང་ལ།  སེམས་ཀྱི་རྡོག་ཁྲེས་ཤིག་ཀྱང་ཕབ་པ་ལྟ་བུ་གྱུར་སོང་བས།  ཁྱེད་ལ་ཁ་དྲོ་ཟེར་རྒྱུ་ཡིན།
       ཁྱེད་ཉིད་འདི་རུ་བཞུགས་པའི་རིང་སློབ་མ་ཚོར་སློབ་འཁྲིད་ཙམ་དུ་མ་ཟད་ལག་ཤེས་དང་འཁྲབ་གཞས་སོགས་ཀྱང་སློབ་འཁྲིད་གནང་སོང་བས་དངོས་གནས་སྐུ་ཚེ་རིང་ཞུ་རྒྱུ་ཡིན།
       མཐའ་དོན་ཁྱེད་ཉིད་ནད་མེད་ཚེ་རིང་དང་བསམ་དོན་མཐའ་དག་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་སྨོན་འདུན་གྲངས་མེད་ཞུ་རྒྱུ་དང་།  མ་འོངས་པར་དྭང་བླངས་སློབ་འཁྲིད་གནང་དུ་ཕེབས་ནའང་དགའ་བསུ་ཡོད་ཞུ་རྒྱུ་ཡིན།

མོན་གྷོ་སཾ་བྷོ་ཊ་གཞི་རིམ་བར་མའི་དགེ་ཆེའམ་ཁྱེད་ཀྱི་དགེ་རྒན་ནོར་བུ་ཉི་མ་ནས།

ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༤ ཉིན།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།