ང་ཡི་མིང་ལ་ནོར་བུ་ཉི་མ་ཟེར།།
མིང་འདི་ཅན་པོ་ཨ་ཕས་བཏགས་པ་རེད།
ང་ཡི་ཨ་ཕ་བླ་མ་མིན་ན་ཡང་།།
མིང་སྙན་འདི་འདྲ་བཏགས་པར་ཡི་རང་
ནོར་བུ་ཉི་མ་ཟེར་བའི་མིང་གྲོགས་
གང་དུ་སོང་ཡང་ཤིན་ཏུ་རྙེད་དཀའ་
ནོར་བུ་ཉི་མ་ཀ་ཁ་ལ་སོགས་པ།།
ད་བར་ང་ཡིས་གཏན་ནས་མཐོང་མ་མྱོང་
སྐྱེས་པའི་བུ་ཕྲུག་རང་གི་ཡིན་མི
ཐེ་ཚོམ་མུན་ནག་ཆེན་པོ་འཐིབས་ན་
ཁྱིམ་གྱི་གཙོ་བོ་ཡིན་པའི་ང་རྒྱ
མིང་འདོགས་འདི་འདྲ་བྱས་པར་ང་རང་
གསེར་དངུལ་རྒྱན་ཆ་ང་ལ་མི་མཁོ་ཞི
མཚན་དང་སྙན་གྲགས་ང་ལ་ཡེ་མི་དགོ
བློ་དང་འཚམ་པའི་ལས་དང་གོས་གྱོན་
འབྲོག་ཕྲུག་ང་ཡི་ཚེ་འདིའི་མངོན་
མཐོན་པོའི་ཁྲི་ལ་འཛེགས་མྱོང་མེ
དམའ་བའི་ས་རུ་ལྷུང་མྱོང་མེད་པ་
འདོད་དང་མཐུན་པའི་ལས་ལ་འཇུག་པ་
ང་རང་སེམས་ནས་ཧ་ཅང་དགའ་བ་ཡིན།།
གནམ་ལ་འཕུར་བའི་རྫུ་འཕྲུལ་ཡོད་
ས་ལ་འཛུལ་བའི་ནུས་མཐུ་ལྡན་ན་
གནམ་འཕུར་ས་འཛུལ་འཕྲུལ་སྣང་ལགས་
ང་ཡི་སེམས་ཀྱི་དགའ་ཕྱོགས་དེ་འདྲ
མཐོ་དང་དམའ་བའི་བྱེད་ལུགས་བྱེད་
དོ་བདག་གང་ཟག་སོ་སོའི་སྤྱོད་ཚུ
མིང་དང་གོ་གནས་ཟེར་བ་ལ་བསྟུན་
གུས་བརྩི་མི་བྱེད་ང་ཡི་དམ་བཅའ་
མཐོན་པོའི་གནས་སུ་འགྱིངས་པའི་མི
ངོ་སོ་སྤྲེལ་ལད་འཁྲབ་པའི་ལས་སྤ
དམའ་བའི་གོ་སར་གནས་པའི་མི་དག་ལ།
མཐོང་ཆེན་བྱེད་པ་ང་ཡི་གཤིས་ཀ་ཡི
ངས་ནི་ང་ནི་འགྲོ་བ་གཅིག་མཚུངས་
སྐྱེས་ནས་འཆི་རྒྱུ་ཡིན་པར་བསམ་
འཆི་དུས་འཁྱེར་རྒྱུ་དགེ་ཚོགས་ཁོ
ཅི་ཡང་མེད་པ་ངེས་ཤེས་རྙེད་ནས་ཡོ
༢༠༢༢།༠༡།༢༡ ཉིན་འབྲི་འདོད་ཅིག་གིས་སུག་བྲིས་བྱས།
No comments:
Post a Comment