Monday, 14 November 2022

ཕྱི་ལོ་ཉིས་སྟོང་ཉེར་གཉིས།

རྒྱ་ནད་ཏོག་དབྱིབས་ནད་ཡམས།། 
མེད་པར་གྱུར་པའི་གྱུར་ལོ།། 
སྔར་བཞིན་སློབ་གྲྭའི་ནང་ལ།། 
ཡོང་རྒྱུ་བྱུང་བའི་བྱུང་ལོ།། 

སློབ་སྤྱིས་སློབ་གྲྭའི་ཆེད་དུ།། 
རྐང་འཁོར་གཟིགས་པའི་གཟིགས་ལོ།། 
ང་ཚོས་གཡས་སྐྱོར་གཡོན་སྐྱོར།། 
རྐང་འཁོར་བཏང་བའི་བཏང་ལོ།། 

མི་མང་ཚོགས་ཁང་ནང་དུ།། 
གཏམ་བརྗོད་འཁྲབས་པའི་འཁྲབས་ལོ།། 
བྱེད་སྒོ་ཐེངས་གསུམ་སྤེལ་བའི།། 
གོ་སྐབས་རག་པའི་རག་ལོ།། 

རྩེད་ཆས་ཝེ་ཝི་བྷོ་ཌི།། 
ཞལ་འདེབས་བྱུང་བའི་བྱུང་ལོ།། 
ང་ཚོས་བརྡབ་གྲབས་བྱེད་ཀྱིན།། 
གཏོང་སྟངས་སྦྱངས་པའི་སྦྱངས་ལོ།། 

ད་དུང་ཞུ་རྒྱུ་ཡོད་ཀྱང་།། 
ཞུས་ན་ཞུ་ཚོད་མི་འདུག། 
མདོར་ན་ཉིས་སྟོང་ཉེར་གཉིས།། 
བརྗེད་པར་དཀའ་བའི་ལོ་ཡིན།། 

འཛིན་རིམ་བདུན་པའི་བོད་སྐད་གཙང་མའི་སྙན་ངག་གྱེར་འདོན་ཐེངས་དང་པོའི་ཆེད་དུ་བྲིས་པའི་སྙན་རྩོམ་ཧོབ་བྲིས་མ།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།