གྲོང་ཚོ་དེའི་ནང་ལ་ཆོས་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད། ཁོང་ནི་ཉམས་ལེན་དང་། སྤྲུལ་སྒྱུར། མངོན་ཤེས་སོགས་ལ་མཁས་པ་ཞིག་ཡིན་པར་མ་ཟད། ཁོང་གིས་གསེར་གྱི་སྡེར་མའི་ནང་ནས་ཡི་དྭགས་རྣམས་ལ་དཀར་གསུམ་མངར་གསུམ་ལས་གྲུབ་པའི་གཏོར་མ་སྦྱིན་པ་གཏོང་གི་ཡོད།
སྐབས་ཤིག་རྗེ་བཙུན་མི་ལ་རས་པ་སྐྱིད་པ་ཉི་མ་རྫོང་ཞེས་པའི་གནས་དབེན་པ་ཞིག་ཏུ་སྒོམ་སྒྲུབ་ཉམས་ལེན་མཛད་པར་ཕེབས། དེའི་སྐབས་ཆོས་པ་དེས་སྔར་བཞིན་ཡི་དྭགས་རྣམས་ལ་གཏོར་མ་སྦྱིན་པར་བརྩམས་ནའང་ཡི་དྭགས་ཡོང་མཁན་གཅིག་ཀྱང་མ་བྱུང་། ཁོང་གིས་ཡ་མཚན་དང་བཅས་མངོན་ཤེས་ཀྱིས་བརྟགས་པར་ཡི་དྭགས་ཡོངས་རྫོགས་རྗེ་བཙུན་མི་ལས་སྦྱིན་པར་མཛད་པའི་ཟྭ་ཚོད་ལོངས་སུ་སྤྱོད་པར་འགྲོ་གི་ཡོད་པར་ཤེས་ནས་ཕུག་རོན་ཞིག་ལ་སྤྲུལ་ནས་ཟྭ་ཚོད་ཀྱི་བྲོ་བ་བརྟག་པར་བསྐྱོད།
རྗེ་བཙུན་མི་ལས་ཕུག་རོན་དུ་སྤྲུལ་པ་ཡིན་པ་མཁྱེན་ནས། མགྱོགས་པོར་སོང་ཞིག ཁྱེད་ཀྱི་མིག་གཡས་པ་བྱས་བཏོན་ཟིན་སོང་། ཞེས་སྨྲས་པས་དེ་མ་ཐག་ལུས་པོ་ཡོད་པའི་གནས་སུ་ལོག
ཆོས་པའི་མིག་གཅིག་བྱས་བཏོན་ནས་ཡོད་པས། དེ་ནས་བཟུང་ཆོས་པ་དེ་ལ་བྱ་མང་པོའི་ཆོས་པ་དབང་པོ་བྱས་བཏོན་པ་ཞེས་ཐོགས་པར་གྱུར།
བསླབ་བྱ། སྦྱིན་བྱ་སྦྱིན་བྱེད་མི་གཙོ། ཀུན་སློང་གཙོ།
རྡ་ས་བོད་ཀྱི་དཔེ་མཛོད་ཁང་གིས་གོ་སྒྲིག་ཞུས་པའི་རྩོམ་སྒྱུར་ཟབ་སྦྱོང་ཐེངས་བཅུ་པར་འཛུལ་ཞུགས་བྱེད་སྐབས་སློབ་དཔོན་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས་གསུངས་པའི་སྔོན་བྱུང་ལོ་རྒྱུས་འདི་ཉིད་ཡི་གེར་ཕབ་པའོ།།
No comments:
Post a Comment