སློབ་སྦྱོང་བྱེད་ལ་གཅིག་ལས་གཅིག་བརྩོན་རེད།།
རིགས་ལམ་རྩོད་ལ་གཅིག་ལས་གཅིག་ངར་རེད།།
གཏམ་བརྗོད་འཁྲབ་ལ་གཅིག་ལས་གཅིག་མཁས་རེད།།
འཛིན་གྲྭ་བདུན་པ།
སློབ་ཁྲིད་བྱེད་དུས་དོ་སྣང་ཆེན་པོས་ཉན།།
བྱེད་སྒོ་སྤེལ་དུས་རང་ནུས་ཡོད་ཚད་འདོན།།
གླུ་གཞས་གཏོང་དུས་སྐད་སྒྲ་ཆེ་ཞིང་སྙན།།
སློབ་གྲྭའི་རྒྱན་ཆ་བདུན་པའི་སློབ་མར་བསྟོད།།
འཛིན་གྲྭ་བརྒྱད་པ།
བཤེས་ལ་བཀུར་ཞིང་སློབ་ལ་བརྩོན།།
རྩལ་མང་འཛོམས་ཤིང་འཆམ་མཐུན་ཟབ།།
མཉམ་རུབ་ཆེ་ཞིང་ལས་ལ་ཧུར།།
འཛིན་གྲྭ་བརྒྱད་པའི་སློབ་མར་བསྟོད།།
འཛིན་གྲྭ་བཅུ་གཅིག
གཡང་དཀར་ལུག་གུ་འདྲ་བའི་གཤིས་འཇམ་ཡོད།།
བུང་བའི་ཁྱུ་ཚོགས་འདྲ་བའི་མཐུན་ལམ་ཡོད།།
ནོར་འཛིན་བུ་མོ་འདྲ་བའི་བཟོད་པ་ཡོད།།
བཅུ་གཅིག་སློབ་མ་སློབ་གྲྭའི་སྤོབས་པ་ཡིན།།
འཛིན་གྲྭ་བཅུ་གཉིས།
ཕ་མ་གཅིག་པའི་བུ་ཕྲུག་ཡིན་པ་བཞིན།།
འཆམ་མཐུན་ཟབ་ཅིང་ཤེས་ཡོན་ནོར་མཆོག་ལ།།
གཅིག་ཕན་གཅིག་གྲོགས་ངང་ནས་བརྩོན་བྱེད་པའི།།
བཅུ་གཉིས་སློབ་མ་སློབ་གྲྭའི་གཟི་བརྗིད་ཡིན།།
No comments:
Post a Comment