Tuesday, 13 June 2023

ཆང་ལ་དུག་ཆུ་ཟེར་བ།

ཆང་ལ་དུག་ཆུ་ཟེར་བ།། 
དངོས་གནས་དོན་ལ་གནས་འདུག། 
འཐུང་དུས་ཞིམ་རྒྱུ་མི་འདུག། 
བཏུངས་ནས་ཕན་རྒྱུ་མི་འདུག། 

ཆང་ལ་དུག་ཆུ་ཟེར་བ།། 
བདེན་པའི་གཏམ་ཞིག་རེད་འདུག། 
བསམ་རྒྱུ་ཡག་ཅིག་མི་འདུག། 
བཤད་རྒྱུ་སྙན་ཞིག་མི་འདུག། 

ཆང་ལ་དུག་ཆུ་ཟེར་བ།། 
སྡོམ་ཚིག་ཆེན་པོ་རེད་འདུག། 
བྱེད་རྒྱུ་བཟང་ཞིག་མི་འདུག། 
བསྟན་རྒྱུ་མཛེས་ཤིག་མི་འདུག། 

ཆང་ལ་དུག་ཆུ་ཟེར་བ།། 
ཧ་ཅང་དྲང་པོ་རེད་འདུག། 
བསམ་དུས་དགའ་རྒྱུ་མི་འདུག། 
ཤོད་དུས་སྙན་རྒྱུ་མི་འདུག། 

ཆང་ལ་དུག་ཆུ་ཟེར་བ།། 
གོ་རྒྱུ་ཡོད་པ་རེད་འདུག། 
སྒོར་མོ་གསག་རྒྱུ་མི་འདུག། 
ཆེ་མཐོང་བསྲུང་རྒྱུ་མི་འདུག། 

ཆང་ལ་དུག་ཆུ་ཟེར་བ།། 
སེམས་ལ་གཞག་རྒྱུ་རེད་འདུག། 
བཟའ་ཟླས་འདོད་ཀྱི་མི་འདུག། 
གཉེན་ཉེས་མོས་ཀྱི་མི་འདུག། 

ཆང་ལ་དུག་ཆུ་ཟེར་བ།། 
དྲང་པོ་དྲང་རྐྱང་རེད་འདུག། 
དེར་བརྟེན་དུག་ཆུ་ཆང་ལ།། 
དགའ་པོ་བྱེད་རྒྱུ་མི་འདུག། 

 ༢༠༢༣།༠༣།༡༡

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།