དུས་ཆེན་འདྲ་མིན་སྣ་ཚོགས།།
ང་ཚོའི་དགའ་བའི་ཉིན་མོ།།
དྲིན་ཆེན་ཕ་མ་གཉིས་ཀྱིས།།
རྩ་ཆེའི་ལུས་རྟེན་གནང་སོང་།།
དྲིན་ཆེན་དགེ་རྒན་རྣམ་པས།།
རིན་བྲལ་ཤེས་ཡོན་གནང་སོང་།།
དེར་བརྟེན་དགེ་རྒན་ཉིན་མོ།།
མགྱོགས་ཙམ་སླེབས་ན་བསམ་སོང་།།
ང་ཚོས་བཟོས་པའི་ཤིས་ཤོག།
འབུལ་རྒྱུར་བསྒུགས་ནས་བསྡད་ཡོད།།
ང་ཚོའི་དགའ་བའི་ཉིན་མོ།།
དེ་རིང་གཞི་ནས་སླེབས་སོང་།།
དྲིན་ཆེན་དགེ་རྒན་ཚང་མ།།
སྤྲོ་པོ་ཡོང་བར་ཤོག་ཅིག།
གཅེས་ཕྲུག་འཛོམས་སྐྱིད་ཀྱིས་དགེ་རྒན་ཉིན་མོ་ལ་བསྐྱོར་རྒྱུའི་སྙན་ཚིག་ཅིག་དགོས་ཞེས་བསྐུལ་ངོར་ཧོབ་བྲིས་བགྱིས་པ་དགེའོ།།
No comments:
Post a Comment