དགོངས་པ་གནང་བས་དགའ་སོང་།།
དོ་ནུབ་འདི་ནས་ཐོན་ཏེ།།
སྙིང་གཅེས་བཟའ་ཟླ་བུ་ཕྲུག།
ཐུག་རྒྱུ་ཡོད་པས་དགའ་སོང་།།
དྲོ་ཁོལ་ལྡན་པའི་ཁྱིམ་དུ།།
བསྡད་རྒྱུ་ཡོད་པས་སྐྱིད་སོང་།།
སྣ་འཛོམས་ཚོང་ཁང་ནང་དུ།།
འགྲོ་སྟབས་བདེ་བས་དགའ་སོང་།།
ས་དེའི་ས་རྒྱུས་ཚང་མ།།
བློ་ལ་ངེས་པས་སྐྱིད་སོང་།།
གཉེན་སྟོན་དམིགས་བསལ་ཉིན་མོ།།
སང་ཉིན་ཡིན་པས་དགའ་སོང་།།
བཟའ་མི་མཉམ་འཛོམས་ངང་ནས།།
གཏང་རྒྱུ་ཡོད་པས་སྐྱིད་སོང་།།
ལྷད་མེད་བརྩེ་བ་ཟབ་མོ།།
བདག་ལ་བཅངས་པས་དགའ་སོང་།།
གུ་ཡངས་ཡིད་ཆེས་གཙང་མ།།
བྱེད་རྒྱུ་ཡིན་པས་སྐྱིད་སོང་།།
དོགས་པའི་མགོ་བོ་དགྱེ་ན།།
འཇོམས་རྒྱུ་ཡིན་པས་དགའ་སོང་།།
བསམ་ཤེས་ཁ་བཏགས་འཇམ་པོས།།
པང་རྒྱུ་ཡིན་པས་སྐྱིད་སོང་།།
༢༠༢༣།༡༠།༢༡ ཉིན་བྲིས།
No comments:
Post a Comment