Thursday, 4 July 2024

ཡུལ་གྱར་བོད་མིའི་འཚོ་བ།

 རང་དབང་ཡོད་པོ་རྐང་རྗེན་འགྲོ།།

རང་དབང་མེད་པོས་ལྷམ་རྫིག་གྱོན།།

ང་ཚོ་ཡུལ་གྱར་བོད་མི་ཡི།།

འཚོ་བ་ངོ་མ་སྐྱིད་པོ་རེད།།

 

རང་དབང་ཡོད་པོ་རྐང་ཐང་འགྲོ།།

རང་དབང་མེད་པོས་འཕྲུལ་རྟ་བཞོན།།

ང་ཚོ་ཡུལ་གྱར་བོད་མི་ཡི།།

འཚོ་བ་ངོ་མ་སྐྱིད་པོ་རེད།།

 

རང་དབང་ཡོད་པོས་གཡོག་ལས་བྱེད།།

རང་དབང་མེད་པོས་བཀོད་འདོམས་བྱེད།།

ང་ཚོ་ཡུལ་གྱར་བོད་མ་ཡི།།

འཚོ་བ་ངོ་མ་སྐྱིད་པོ་རེད།།

 

རང་དབང་ཡོད་པོར་ལག་དངུལ་ཉུང་།།

རང་དབང་མེད་པོར་ལག་དངུལ་འབེལ།།

ང་ཚོ་ཡུལ་གྱར་བོད་མི་ཡི།།

འཚོ་བ་ངོ་མ་སྐྱིད་པོ་རེད།།

 

རང་དབང་ཡོད་པོའི་ཁ་པར་དམན།།

རང་དབང་མེད་པོའི་ཁ་པར་རྫིག།

ང་ཚོ་ཡུལ་གྱར་བོད་མི་ཡི།།

འཚོ་བ་ངོ་མ་སྐྱིད་པོ་རེད།།

 

རང་དབང་ཡོད་པོའི་ཁང་པ་གོག།

རང་དབང་མེད་པོའི་ཁང་པ་བརྗིད།།

ང་ཚོ་ཡུལ་གྱར་བོད་མི་ཡི།།

འཚོ་བ་ངོ་མ་སྐྱིད་པོ་རེད།།

 

འཚོ་བ་སྐྱིད་པོ་བྱུང་བ་དེ།།

༸ཡིད་བཞིན་ནོར་བུའི་སྐུ་དྲིན་རེད།།

ཁོང་གི་བཀའ་བཞིན་བསྒྲུབ་རྒྱུ་དེ།།

ཡུལ་གྱར་བོད་མིའི་འོས་འགན་རེད།།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།