རྒྱུས་མེད་ཡུལ་དུ་སླེབས་སོང་།།
གྲོགས་མེད་ཁེར་རྐྱང་ལུས་སོང་།།
བརྩེ་བ་ཟབ་པའི་མཛའ་མོ།།
ཡིད་ལ་གསལ་ལེར་དྲན་བྱུང་།།
སྔོ་ལྗང་ནགས་རི་མཛེས་ཤིང་།།
དྭངས་གཙང་ཆུ་བོ་འབབ་ཀྱང་།།
མཛའ་མོ་ལྷན་དུ་མེད་དུས།།
ཡོད་ཚད་སྙིང་པོ་མི་འདུག།
ཟས་ཀྱི་དང་ག་འཆུས་སོང་།།
གཉིད་ཀྱི་བདེ་བ་ཡལ་སོང་།།
ཁེར་རྐྱང་ཚོར་བ་རྩུབ་མོས།།
ཉིན་མཚན་མེད་པར་གདུང་སོང་།།
མིག་གཉིས་གདངས་ནས་ཡོད་ཀྱང་།།
སེམས་པ་ཕྱི་ལ་གཡེངས་སོང་།།
འདས་དོན་ལྡུམ་རྭའི་ནང་ལ།།
ལྡིང་སྐོར་བརྒྱབ་ནས་བསྡད་སོང་།།
མཛའ་མོའི་བཞིན་གྱི་འཛུམ་མདངས།།
ནམ་ཡང་མཐོང་ན་བསམ་བྱུང་།།
མཛའ་མོའི་གསུང་སྐད་སྙན་མོ།།
ནམ་ཡང་ཐོས་ན་བསམ་བྱུང་།།
འགྲོ་ན་སྡོད་འདོད་སྐྱེས་སོང་།།
བསྡད་ན་འགྲོ་འདོད་སྐྱེས་སོང་།།
མཛའ་མོ་འཁྲིས་སུ་མེད་དུས།།
གཉིས་ཀར་ཆོ་ཞིག་མི་འདུག།
བརྩེ་དུང་ཟབ་པའི་མཛའ་མོ།།
ཉིན་མཚན་མེད་པར་དྲན་སོང་།།
མཉམ་དུ་ཡོད་ན་བསམ་པ།།
ལན་མང་ཡིད་ནས་སྐྱེས་སོང་།།
གྲོགས་མེད་ཁེར་རྐྱང་ལུས་སོང་།།
བརྩེ་བ་ཟབ་པའི་མཛའ་མོ།།
ཡིད་ལ་གསལ་ལེར་དྲན་བྱུང་།།
སྔོ་ལྗང་ནགས་རི་མཛེས་ཤིང་།།
དྭངས་གཙང་ཆུ་བོ་འབབ་ཀྱང་།།
མཛའ་མོ་ལྷན་དུ་མེད་དུས།།
ཡོད་ཚད་སྙིང་པོ་མི་འདུག།
ཟས་ཀྱི་དང་ག་འཆུས་སོང་།།
གཉིད་ཀྱི་བདེ་བ་ཡལ་སོང་།།
ཁེར་རྐྱང་ཚོར་བ་རྩུབ་མོས།།
ཉིན་མཚན་མེད་པར་གདུང་སོང་།།
མིག་གཉིས་གདངས་ནས་ཡོད་ཀྱང་།།
སེམས་པ་ཕྱི་ལ་གཡེངས་སོང་།།
འདས་དོན་ལྡུམ་རྭའི་ནང་ལ།།
ལྡིང་སྐོར་བརྒྱབ་ནས་བསྡད་སོང་།།
མཛའ་མོའི་བཞིན་གྱི་འཛུམ་མདངས།།
ནམ་ཡང་མཐོང་ན་བསམ་བྱུང་།།
མཛའ་མོའི་གསུང་སྐད་སྙན་མོ།།
ནམ་ཡང་ཐོས་ན་བསམ་བྱུང་།།
འགྲོ་ན་སྡོད་འདོད་སྐྱེས་སོང་།།
བསྡད་ན་འགྲོ་འདོད་སྐྱེས་སོང་།།
མཛའ་མོ་འཁྲིས་སུ་མེད་དུས།།
གཉིས་ཀར་ཆོ་ཞིག་མི་འདུག།
བརྩེ་དུང་ཟབ་པའི་མཛའ་མོ།།
ཉིན་མཚན་མེད་པར་དྲན་སོང་།།
མཉམ་དུ་ཡོད་ན་བསམ་པ།།
ལན་མང་ཡིད་ནས་སྐྱེས་སོང་།།
རྩོམ་འདི་བཀླགས་ནས་དགའ་སྤྲོ་ཧ་ཅང་བྱུང་།་ཐུགས་རྔེ་ཆེ།
ReplyDelete