མཐོ་སློབ་ཐོན་ལ་ཉེ་སྐབས།།
བསམ་བློ་མང་པོ་བཏང་ཡང་།།
ཐ་མར་ཀུ་ཤུའི་གྲོང་དུ།།
སླེབས་པ་རྨི་ལམ་འདྲ་སོང་།།
ཡུལ་གྱི་བཀོད་པ་མཛེས་པ།།
བོད་ཀྱི་ཡུལ་དང་འདྲ་བ།།
ཡུལ་མིའི་གདོང་གི་བཟོ་དབྱིབས།།
བོད་ཀྱི་མི་དང་འདྲ་བ།།
ལྷབ་ལྷུབ་ཏུ་གཡོ་བའི་དར་ལྕོག།
གང་སར་མཐོང་རྒྱུ་མང་བ།།
བཀོད་ལེགས་ཤིང་ཁང་མང་པོ།།
མིག་གི་དཔལ་དུ་གྱུར་སོང་།།
དབྱར་དུས་ཚད་པ་ཆེ་ཡང་།།
དགུན་དུས་ཁ་བ་འབབ་སྐད།།
སྔོ་ལྗང་ནགས་རི་དེ་ཚོས།།
ཁ་བའི་གོས་དཀར་བཀླུབ་སྐད།།
ཁྱི་རྣམས་གཟུགས་སྟོབས་ཆེ་བ།།
འབྲོག་པའི་འདོགས་ཁྱི་འདྲ་བ།།
དྭངས་གཙང་ཆུ་མོ་འབབ་པ།།
བོད་ཀྱི་ཆུ་དང་འདྲ་བ།།
སྔོ་ལྗང་ནགས་རིའི་མཛེས་སྡུག།
མིག་ལ་འཆར་ཐེངས་རེ་ལ།།
སྐྱིད་པའི་ཕ་ཡུལ་བོད་ལ།།
སླེབས་པའི་སྣང་བ་སྟེར་གྱི།།
རི་མཐོའི་རྩེ་ལ་འཛེགས་ཏེ།།
གཤམ་གྱི་བཀོད་པར་ལྟ་དུས།།
དམར་ཆུང་སེམས་ཀྱི་ནང་དུ།།
དགའ་བ་ངང་གིས་འཕེལ་གྱི།།
མི་ཚང་རེ་ཡི་སྒོ་ཁར།།
ཀུ་ཤུའི་སྡོང་པོ་མང་བ།།
ཁ་དོག་བཀྲ་བའི་ཀུ་ཤུ།
མཐོང་མོད་འགྲམ་ཆུ་ལྡང་གི།
ཀུ་ཤུའི་གྲོང་ལ་སླེབས་སོང་།།
རབ་མཛེས་ཡུལ་བཀོད་མཐོང་སོང་།།
འདི་ལས་མཛེས་པའི་བོད་ཡུལ།།
མཐོང་བའི་སྨོན་ལམ་བཏབ་ཡོད།།
བསམ་བློ་མང་པོ་བཏང་ཡང་།།
ཐ་མར་ཀུ་ཤུའི་གྲོང་དུ།།
སླེབས་པ་རྨི་ལམ་འདྲ་སོང་།།
ཡུལ་གྱི་བཀོད་པ་མཛེས་པ།།
བོད་ཀྱི་ཡུལ་དང་འདྲ་བ།།
ཡུལ་མིའི་གདོང་གི་བཟོ་དབྱིབས།།
བོད་ཀྱི་མི་དང་འདྲ་བ།།
ལྷབ་ལྷུབ་ཏུ་གཡོ་བའི་དར་ལྕོག།
གང་སར་མཐོང་རྒྱུ་མང་བ།།
བཀོད་ལེགས་ཤིང་ཁང་མང་པོ།།
མིག་གི་དཔལ་དུ་གྱུར་སོང་།།
དབྱར་དུས་ཚད་པ་ཆེ་ཡང་།།
དགུན་དུས་ཁ་བ་འབབ་སྐད།།
སྔོ་ལྗང་ནགས་རི་དེ་ཚོས།།
ཁ་བའི་གོས་དཀར་བཀླུབ་སྐད།།
ཁྱི་རྣམས་གཟུགས་སྟོབས་ཆེ་བ།།
འབྲོག་པའི་འདོགས་ཁྱི་འདྲ་བ།།
དྭངས་གཙང་ཆུ་མོ་འབབ་པ།།
བོད་ཀྱི་ཆུ་དང་འདྲ་བ།།
སྔོ་ལྗང་ནགས་རིའི་མཛེས་སྡུག།
མིག་ལ་འཆར་ཐེངས་རེ་ལ།།
སྐྱིད་པའི་ཕ་ཡུལ་བོད་ལ།།
སླེབས་པའི་སྣང་བ་སྟེར་གྱི།།
རི་མཐོའི་རྩེ་ལ་འཛེགས་ཏེ།།
གཤམ་གྱི་བཀོད་པར་ལྟ་དུས།།
དམར་ཆུང་སེམས་ཀྱི་ནང་དུ།།
དགའ་བ་ངང་གིས་འཕེལ་གྱི།།
མི་ཚང་རེ་ཡི་སྒོ་ཁར།།
ཀུ་ཤུའི་སྡོང་པོ་མང་བ།།
ཁ་དོག་བཀྲ་བའི་ཀུ་ཤུ།
མཐོང་མོད་འགྲམ་ཆུ་ལྡང་གི།
ཀུ་ཤུའི་གྲོང་ལ་སླེབས་སོང་།།
རབ་མཛེས་ཡུལ་བཀོད་མཐོང་སོང་།།
འདི་ལས་མཛེས་པའི་བོད་ཡུལ།།
མཐོང་བའི་སྨོན་ལམ་བཏབ་ཡོད།།
No comments:
Post a Comment