Thursday, 15 September 2011

ཁེར་རྐྱང་གི་འཚོ་བ།

ཁེར་སྡོད་ཁེར་ཟ་ཁེར་འཐུང་གི་འཚོ་བར།།
དངོས་སུ་ཞུགས་ཏེ་ཉིན་ཞག་དེ་འདེད་དུས།།
གྲོགས་འདུས་སྐབས་ཀྱི་རྒོད་སྒྲ་དེ་དྲན་ཞིང་།།
གྲོགས་ཁྱུའི་དབུས་སུ་ཡོད་འདོད་ཅིག་སྐྱེ་གི།


བཟའ་བཅའི་རིགས་ཀྱི་རྣམ་པ་ནི་བཀྲ་ཞིང་།།
བཟོ་ལྟ་མཚར་ལ་དྲི་མ་ནི་ཞིམ་མོད།།
དངོས་སུ་ལྕེ་ལ་བདག་སྤྲོད་ཅིག་བྱེད་དུས།།
ཁེར་ཟའི་བཟའ་བཅར་བྲོ་བ་ཞིག་མ་མཆིས།།

སྒྲུང་དེབ་ཀློག་པའི་དང་དོད་དེ་ཆེ་ཡང་།།
ཁེར་སྡོད་བྱས་ནས་ཁེར་ཀློག་རེ་བྱེད་དུས།།
སེམས་པ་དམར་ཆུང་སྒྲུང་དེབ་དང་བྲལ་ཏེ།།
གྲོགས་ཁྱུའི་འཚོ་བར་ཕྱིར་དྲན་ལ་བྲེལ་འགྲོ།།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།