Tuesday, 18 September 2012

གངས་ཅན་པ། རླབས་ཆེན་གྱི་མི་རིགས།


སྐད་དང་ཡི་གེར་ཐོགས་པ་མེད།།
གླུ་དང་གར་ལ་འགྲན་ཟླ་བྲལ།།
བྱམས་དང་སྙིང་རྗེ་རང་ཆས་ལྡན།།
རླབས་ཆེན་མི་རིགས་གངས་ཅན་པ།།


གཏོང་ཕོད་རྒྱལ་པོ་བྱམས་པར་འཁུ།།
སྙིང་སྟོབས་གངས་སེང་དཀར་མོར་འགྲན།།
རྣམ་དཔྱོད་འཇིག་རྟེན་གསུམ་ལས་འགོང་།།
རླབས་ཆེན་མི་རིགས་གངས་ཅན་པ།།

ཆོས་ཀུན་རྟེན་འབྱུང་ཉམས་ལེན་པ།།
བདག་བས་གཞན་གཅེས་བསམ་བློ་བ།།
འཇིག་རྟེན་ཀུན་བདེ་ལྷུར་བླང་བ།།
རླབས་ཆེན་མི་རིགས་གངས་ཅན་པ།།

དཀར་པོ་གངས་ལྗོངས་ཕ་སའི་སླད།།
དམར་པོ་མེ་ལ་འཇུག་སྤོབས་ཤིང་།།
སྔོན་མོ་ཆུ་ལ་ལྕེབས་པར་ནུས།།
རླབས་ཆེན་མི་རིགས་གངས་ཅན་པ།།

བླ་མ་སྤྱི་བོའི་གཙུག་ཏུ་བཀུར།།
ཕ་མ་མིག་གི་འབྲས་བུར་འཛིན།།
སྤུན་ཟླ་ནོར་མཆོག་བས་ཀྱང་གཅེས།།
རླབས་ཆེན་མི་རིགས་གངས་ཅན་པ།།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།