རང་ལ་བརྩེ་བའི་མཛའ་ན་མོ།།
རང་གི་ནང་དུ་ཐོལ་གྱིས་ཆས།།
རང་ཉིད་ཡུལ་བའི་སྣང་བ་ཡིས།།
རང་དགར་གཙེས་ཏེ་བདེ་བ་བཅོམ།།
རང་བཞིན་བཟང་བའི་སྡུག་གུ་མ།།
རང་འཚམ་དེངས་པ་ག་ལ་ཡིན།།
རང་གི་དྲིན་ཆེན་མ་ལོ་ལ།།
རང་ནུས་ཞབས་ཕྱི་སྒྲུབ་ཏུ་བསྐྱོད།།
རང་ལས་མེད་པའི་སྡོད་ཤག་ཏུ།།
རང་དོན་གཉེར་ལ་བརྩོན་ན་ཡང་།།
རང་གི་བ་དེ་མེད་ཙ་ན།།
རང་སེམས་རྣལ་ལ་འབབ་ཐབས་བྲལ།།
རང་གི་ནང་དུ་ཐོལ་གྱིས་ཆས།།
རང་ཉིད་ཡུལ་བའི་སྣང་བ་ཡིས།།
རང་དགར་གཙེས་ཏེ་བདེ་བ་བཅོམ།།
རང་བཞིན་བཟང་བའི་སྡུག་གུ་མ།།
རང་འཚམ་དེངས་པ་ག་ལ་ཡིན།།
རང་གི་དྲིན་ཆེན་མ་ལོ་ལ།།
རང་ནུས་ཞབས་ཕྱི་སྒྲུབ་ཏུ་བསྐྱོད།།
རང་ལས་མེད་པའི་སྡོད་ཤག་ཏུ།།
རང་དོན་གཉེར་ལ་བརྩོན་ན་ཡང་།།
རང་གི་བ་དེ་མེད་ཙ་ན།།
རང་སེམས་རྣལ་ལ་འབབ་ཐབས་བྲལ།།
No comments:
Post a Comment