Monday, 25 July 2022

འཛིན་རིམ་བཅུ་གཉིས་ཀྱི་སློབ་མར་བསྔགས་པ།

བོད་ཡིག་སྦྱོང་ལ་དགའ་བ་ཅན།། 
ལས་འགན་འཁྱེར་བའི་ལྷག་བསམ་ཅན།། 
ཕ་མ་གཉིས་ལ་བརྩེ་བ་ཅན།། 
བསྟན་བྱམས་འཛིན་གྲྭའི་རྒྱན་ཆ་ཡིན།། 

བཟའ་ཟླ་བུ་ཕྲུག

ཡུལ་ལྗོངས་མཛེས་སྡུག་ལྡན་ཞིང་།། 
ཡུལ་མི་གཤིས་རྒྱུད་འཇམ་ཡང་།། 
བཟའ་ཟླ་བུ་ཕྲུག་མེད་ན།། 
སྐྱིད་སྣང་ཚོར་གྱི་མི་འདུག། 

སེམས་ཀྱི་སྟོབས།

དབྱར་ཁ་ཡི་གུང་སེང་བཏང་སོང་།། 
ང་རང་ཡང་ནང་ལ་ལོག་ཡིན།། 
ཉིན་མ་ཡི་ཉི་ཤུའི་དུས་ཡུན།། 
ཡུད་ཙམ་གྱིས་རྫོགས་པར་གྱུར་སོང་།། 

དེ་རིང་ཁྱེད་གཉིས་ལྷག་ཏུ་དྲན།

བསྡད་ན་ལང་སྙིང་བྲོ་སོང་།། 
ཕྱིན་ན་སྡོད་སྙིང་བྲོ་སོང་།། 
བཟའ་ཟླ་བུ་ཕྲུག་དྲན་དུས།། 
སེམས་ལ་བདེ་བ་མི་འདུག། 

སེམས་ཁོང་གི་སྐད་སྒྲ།

མཛེས་པའི་བཟའ་ཟླ་ང་ལ་ཡོད།། 
ཡིད་འོང་བུ་ཕྲུག་ང་ལ་ཡོད།། 
དྲིན་ཆེན་ཨ་མ་ང་ལ་ཡོད།། 
དགོས་མེད་ལས་ལ་འཇུག་དོན་ཅི།། 

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།