Monday, 25 July 2022

སེམས་ཀྱི་སྟོབས།

དབྱར་ཁ་ཡི་གུང་སེང་བཏང་སོང་།། 
ང་རང་ཡང་ནང་ལ་ལོག་ཡིན།། 
ཉིན་མ་ཡི་ཉི་ཤུའི་དུས་ཡུན།། 
ཡུད་ཙམ་གྱིས་རྫོགས་པར་གྱུར་སོང་།། 

གཤིས་བཟང་གི་སློབ་མ་དག་གི།། 
འཛུམ་ལྡན་གྱི་ཞལ་གྱི་དཀྱིལ་འཁོར།། 
མཇལ་འདོད་དང་སློབ་འདོད་ཅིག་གིས།། 
སྔོན་གནས་སུ་ལོག་ལ་ཞུགས་ཡིན།། 

རྒྱ་གར་དུ་རྒྱ་ནད་འཕར་ནས།། 
འགྲོ་འོང་གི་རང་དབང་འགགས་སོང་།། 
སློབ་ཁྲིད་ཀྱང་དྲ་ཐོག་མ་གཏོགས།། 
དགེ་སློབ་གཉིས་ངོ་འཕྲད་བཀག་སོང་།། 

ཡོང་བ་ཡི་ཡོང་གོ་མ་ཆོད།། 
ཁང་སྟོང་ནི་སྲུང་སྙིང་མ་འདོད།། 
ཡུལ་སྣང་དང་སྐྱོ་སྣང་ཞིག་གིས།། 
སེམས་ངལ་གྱི་མཚོ་རུ་ལྷུང་སོང་།། 

འདས་དོན་ནི་དེ་ལྟར་ཡིན་མོད།། 
སྔོན་བྱུང་ལས་བསླབ་བྱ་བླངས་ཏེ།། 
ད་ཐེངས་ཀྱི་ཕྱིར་ལོག་འདི་ལ།། 
སྔོན་དཔག་གི་སྟོབས་ཤུགས་འཛོམས་ཡོད།། 

༢༠༢༢།༠༣།༡༢

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།