ཕྱིན་ན་སྡོད་སྙིང་བྲོ་སོང་།།
བཟའ་ཟླ་བུ་ཕྲུག་དྲན་དུས།།
རི་འགོ་མཐོན་པོར་ཕྱིན་ནས།།
ལན་ཅིག་ངུ་སྙིང་བྲོ་སོང་།།
བཟའ་ཟླ་བུ་ཕྲུག་དྲན་པའི།།
གདུང་བ་བརྗེད་སྙིང་བྲོ་སོང་།།
དེང་སང་ཁ་པར་ཐོག་ནས།།
འབྲེལ་བ་བྱེད་རྒྱུ་ཡོད་ཀྱང་།།
དངོས་སུ་ཐུག་པ་ནང་བཞིན།།
བདེ་བ་འཐོབ་ཐབས་དཀའ་སོང་།།
རང་ལོ་བཅུ་གཉིས་ཐོག་ནས།།
ཕ་མ་གསོན་བྲལ་ཆགས་སོང་།།
རང་ལོ་སོ་དགུའི་སྟེང་ལ།།
བཟའ་མི་གསོན་བྲལ་ཆགས་སོང་།།
གསོན་བྲལ་གདུང་བ་མྱང་དགོས།།
ཚེ་སྔོན་ལས་ཤིག་མིན་ན།།
ནང་མི་མཉམ་འཛོམས་བདེ་སྐྱིད།།
ཉམས་སུ་མྱོང་སྐལ་སྩོལ་རོགས།།
No comments:
Post a Comment