Saturday, 29 October 2022

ཆོས་རྒྱལ་མེས་དབོན་རྣམ་གསུམ།

བོད་ཀྱི་ལོ་རྒྱུས་ལ་བལྟས་ན། བོད་ལ་རྒྱལ་པོ་བཞི་བཅུ་ཞེ་གཉིས་བྱུང་མྱོང་ཞིང་། དེ་དག་གི་ཁྲོད་ནས་བཀའ་དྲིན་ཆེ་ཤོས་ནི་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཡིན། ཁོང་གསུམ་གྱི་སྐུ་དུས་སུ་བོད་ལ་ནང་པ་སངས་རྒྱས་པའི་བསྟན་པའི་སྲོལ་བཏོད་པ་དང་། དར་ཞིང་རྒྱས་པ། བསྟན་པ་དང་བསྟན་འཛིན་གྱི་སྐྱེ་བོ་ལ་བསྙེན་བཀུར་ཚད་མེད་ཞུས་པ་སོགས་བྱུང་ཡོད།

ལས་ཀྱི་མིང་ཅན་མ་ལ་གསང་པོར་བརྗོད་པའི་སྙིང་གཏམ་དམར་རྗེན་མ།

འདྲེན་བྱེད་ཟུང་གི་ཡུལ་དུ་གྱུར་ནས་བཟུང་།། 
ལྟ་བྱེད་ཟུང་གི་ཡུལ་དུ་ཟུག་པར་གྱུར།། 
ཐུང་བའི་མིང་ཉིད་ངེས་པར་གྱུར་ནས་བཟུང་།། 
བློ་ཡི་བུང་བ་འཁོར་ས་ཉིད་དུ་གྱུར།། 

ཨ་མ་མིག་དམར་ལྷ་མོ།

བརྒྱད་པའི་བརྒྱད་ཀྱི་ཉིན་མོར།། 
འདི་རུ་ཐོག་མར་འབྱོར་དུས།། 
དགོང་ཟས་ཞོགས་ཟས་གནང་མཁན།། 
ཨ་མ་མིག་དམར་ལྷ་མོ།། 

སྔོན་དེང་།

གྲུང་དུ་འགྲོ་བར་རེ་ཡང་།། 
གྲུང་དུ་འགྲོ་རྒྱུའི་ཚབ་ལ།། 
ལུས་ཁམས་ཉོག་པར་གྱུར་ནས།། 
ལས་དོན་འཐུས་ཤོར་ཕྱིན་སོང་།། 

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།