Saturday, 29 October 2022

སྔོན་དེང་།

གྲུང་དུ་འགྲོ་བར་རེ་ཡང་།། 
གྲུང་དུ་འགྲོ་རྒྱུའི་ཚབ་ལ།། 
ལུས་ཁམས་ཉོག་པར་གྱུར་ནས།། 
ལས་དོན་འཐུས་ཤོར་ཕྱིན་སོང་།། 

ལུས་ཤུགས་རྒྱས་ན་བསམ་མོད།། 
ལུས་ཤུགས་རྒྱས་རྒྱུའི་ཚབ་ལ།། 
ལུས་ཟུངས་ཉམས་པར་གྱུར་ནས།། 
སྟོང་པའི་ངང་དུ་ལུས་སོང་།། 

བློ་གྲོས་འཕེལ་བར་འདོད་རུང་།། 
བློ་གྲོས་འཕེལ་རྒྱུའི་ཚབ་ལ།། 
རྣམ་དཔྱོད་འགགས་པར་གྱུར་ནས།། 
རྩོམ་ཡིག་སྟོང་བསམ་ཆགས་སོང་།། 

སྔོན་གྱི་དུས་ཚོད་ཅིག་ལ།། 
གང་ཞིག་སྤྱད་པར་གྱུར་ན།། 
ཅུང་ཟད་ཕན་ཐོགས་ཡོད་མོད།། 
དེང་སང་གནོད་ལས་མ་འདས།། 

ཕན་པ་སྣ་གཅིག་མེད་པའི།། 
དངོས་ལ་ཞེན་ཆགས་སྲ་ན།། 
རང་ཉིད་ཕུང་རྒྱུར་མཐོང་ནས།། 
བག་ཡོད་བསྟེན་བློ་འཆང་ཡོད།།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།