རྒྱུས་མེད་མི་ཡི་ལུང་པར༎
མ་ལྟར་དྲིན་གྱིས་སྐྱོང་བའི༎
བྱམས་ལྡན་གཅུང་མོ་ཁྱེད་རང༌༎
ཐོབ་པ་སྔོན་གྱི་བསོད་ནམས༎
ང་རང་ཆེ་བ་ཡིན་ཡང༌༎ སེམས་པ་སྡུག་གིས་གནོན་དུས༎
ཆེ་བའི་ཆེ་གོ་མ་ཆོད༎ ཡིད་ལ་ཁྱེད་རང་དྲན་གྱི༎
འཇོན་ལྡན་གཅུང་མོ་ཁྱེད་ལ༎ དགའ་དགའ་སྤྲོ་སྤྲོ་བྱེད་དུས༎
སྙན་པའི་བརྡ་འཕྲིན་རེ་རེས༎ ལུང་པ་གཅིག་པའི་ཉེ་འབྲེལ༎ གྲོཌ་པོ་གྲོགས་མོ་ཟེར་བ།།
ཉིན་གང་བདེ་ལ་བཀོད་སོང༌༎ མཐོང་རྒྱུ་མང་པོ་འདུག་ཀྱང༌༎ འཕྲད་རྒྱུ་མང་པོ་འདུག་ཀྱང༌༎
ལྷད་མེད་སྨོན་འདུན་རེ་རེས༎ དགོས་དུས་དངོས་སུ་ཕན་མཁན༎ སེམས་ཀྱི༌སྐད་ཆ་ཤོད་དུས༎
བསམ་དོན་འགྲུབ་ལ་ཕན་སོང༌༎ གཅུང་མོ་ཁྱེད་ལས་མི་འདུག། གོ་མཁན་ཁྱེད་ལས་མི་འདུག།
དུས་དང་མཐུན་པའི་མཁོ་ཆས༎ གཅུང་མོ་ཁྱེད་རང་མེད་ན༎
གཅུང་མོ་ཁྱེད་ཀྱིས་གནང་བྱུང༌༎ ང་ནི་ནོར་མེད་ཁེར་རྐྱང༌༎
ལུས་ལ་རན་པའི་གྱོན་ཆས༎ གཅུང་མོ་ཁྱེད་རང་མེད་ན༎
གཅུང་མོ་ཁྱེད་ཀྱིས་སྦྱིན་བྱུང༌༎ ང་ནི་རྗེས་ལུས་མི་བུ༎
གཅུང་མོའི་ལྷད་མེད་བྱམས་བརྩེ༎
གཅེན་པོས་སེམས་ལ་བཞག་ཡོད༎
གནས་སྟངས་གང་ཞིག་འཕྲད་ཀྱང༌༎
བྱམས་བརྩེ་བརྗེད་ས་མ་རེད༎
No comments:
Post a Comment