Wednesday, 9 March 2016

ཡིད་བཞིན་ནོར་བུ།

དྲིན་ཅན་བླ་མ་གནས་འདིར་ཞབས་སོར་འཁོད།།
དད་ལྡན་སྐྱེ་བོ་ཁྲི་ཕྲག་གནས་འདིར་འདུས།།
ནོར་འདོད་ཚོང་སྤྲང་བརྒྱ་ཕྲག་གནས་འདིར་འབྱོར།།
སྐྱེ་བོ་དུ་མའི་བསམ་དོན་འདི་ནས་འགྲུབ།།


ཐག་རིང་བོད་ནས་ཡོང་མཁན་མང་པོ་འདུག།
ཕྱི་གླིང་ཡུལ་ནས་ཡོང་མཁན་མང་པོ་འདུག
རྒྱ་བལ་ཕྱོགས་ནས་ཡོང་མཁན་མང་པོ་འདུག།
ཁོང་ཚོར་གཞིགས་ན་སྐལ་བ་བཟང་པོ་རེད།།

ཁང་པ་གཡར་ནས་རྒྱུ་ནོར་གསོག་མཁན་འདུག།
ཟ་ཁང་བཙུགས་ནས་རྒྱུ་ནོར་གསོག་མཁན་འདུག།
གླ་འཁོར་བཏང་ནས་རྒྱུ་ནོར་གསོག་མཁན་འདུག།
ཁོང་ཚོར་གཞིགས་ན་ཚོང་འདུས་ཆེན་པོ་རེད།།

གྲྭ་ཆས་སྤྲས་ནས་སློང་མོ་བྱེད་མཁན་འདུག།
ཞ་བོར་བརྫུས་ནས་སློང་མོ་བྱེད་མཁན་འདུག།
བྱིས་པ་པང་ནས་སློང་མོ་བྱེད་མཁན་འདུག།
ཁོང་ཚོར་གཞིགས་ན་ཡོང་འབབ་དུས་བཟང་རེད།།

གང་དང་གང་ལ་ཅི་དང་ཅི་འདོད་པ།།
དེ་དང་དེ་ལ་དེ་དག་སྩོལ་མཛད་པའི།།
འགྲོ་བའི་མགོན་པོ་བསྟན་འཛིན་རྒྱ་མཚོ་ལ།།
ཡིད་བཞིན་ནོར་བུ་ཞེས་པ་དོན་ལ་གནས།།


ཕྱི་ལོ་ ༢༠༡༥ ལོའི་ལམ་རིམ་གསུང་ཆོས་སྐབས་སུ་བྲིས།

No comments:

Post a Comment

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།