Monday, 31 December 2012

ལས་དབང་གིས་ཕྲད་པའི་འཛིན་གྲོགས་ལ་ཕུལ་བ།


སྔོན་བསགས་ཀྱི་ལས་འཕྲོ་ལས༎
བློ་མཐུན་གྱི་གྲོགས་ཁྱུ་ཞིག།
མ་དྲན་པའི་གནས་ཤིག་ནས༎
དགེ་འོས་ཀྱི་འཛིན་གྲྭར་ཕྲད༎

དགའ་ལོ།


གཅིག

Saturday, 29 December 2012

ཉིས་སྟོང་བཅུ་གཉིས་ལ་ཕེབས་སྐྱེལ།


ཉིན་ཞག་སུམ་བརྒྱ་རེ་ལྔའི་རིང་།།
གཤིབས་པའི་ཉིས་སྟོང་བཅུ་གཉིས་དེ།།
ཕྱིར་འོང་མེད་པའི་གནས་ཤིག་ཏུ།།
ཆས་ལ་ཉེ་བའི་དུས་དེ་སླེབས།།

Monday, 24 December 2012

དཔེ་རྒྱན་དྲུག་པ་ནས་བཅོ་ལྔ་བར་གྱི་རང་རྩོམ་དཔེར་བརྗོད།


༢།༦  ངེས་མེད་ཀྱི་དཔེ།
༢།༦།༡     ཉིན་མཚན་དབྱེར་མེད་སློབ་ལ་བརྩོན་པ་ཡིས།།
སྦེལ་ཀོབ་སློབ་མ་བུང་བ་དང་མཚུངས་ཀྱི།།
ཅི་སྟེ་དེ་དང་མཚུངས་པའི་དངོས་པོ་གཞན།།
སྲིད་འདིར་མཆིས་ན་དེ་ཡང་མཚུངས་དཔེར་འོས།།

Sunday, 23 December 2012

དཔེ་རྒྱན་དང་པོ་ལྔའི་དཔེར་བརྗོད།


༢༌༡།     ཆོས་དཔེ།

༢༌༡༌༡།    སྐུ་གཟུགས་རི་རྒྱལ་བཞིན་དུ་བརྗིད།།
            གསུང་སྐད་ཁུ་བྱུག་གླུ་ལྟར་སྙན།།
            ཐུགས་ནི་ཀུན་གསལ་ལྟ་བུར་ཡངས།།
            འཕྲིན་ལས་འོད་མཚུངས་ཀུན་ཏུ་ཁྱབ།།

Friday, 21 December 2012

མ་དག་འབྲི་བ།


བླ་མས་གདམས་ཀྱང་མ་དག་འབྲི།།
བཤེས་ཀྱིས་བསླབས་ཀྱང་མ་དག་འབྲི།།
ཕ་མས་གཤེ་ཡང་མ་དག་འབྲི།།
གྲོགས་ཀྱིས་འཕྱ་ཡང་མ་དག་འབྲི།།

Wednesday, 12 December 2012

འགྲོ་འམ་སྡོད།


ཡངས་པའི་ཨ་སྔོན་དབྱིངས་གནས་པའི།།
འོད་དཀར་ཅན་གྱི་འཕེལ་འགྲིབ་ལ།།
བལྟས་ཏེ་སེམས་ལ་དགའ་འཇིགས་གཉིས།།
འགྲོ་འམ་སྡོད་ཀྱི་གདམ་ག་གཉིས།།

Sunday, 9 December 2012

རང་བཞིན་བརྗོད་པའི་རྒྱན་གྱི་རང་རྩོམ་དཔེར་བརྗོད།

༡༌༡།    རིགས་རང་བཞིན་བརྗོད་པའི་རྒྱན་གྱི་དཔེར་བརྗོད།
            ༡༌༡༌༡།   ལུས་ཚད་ཆུང་ཞིང་རྐང་དྲུག་ཅན།།
                        མགོ་ལ་ཚོར་བྱེད་གཉིས་དང་ལྡན།།
                        མིག་མེད་མགྱོགས་ཤིང་ནུས་སྟོབས་ཆེ།།
                        གྲོག་མ་རྣམས་ནི་མངར་ལ་དགའ།།

Sunday, 2 December 2012

བོད་ཀྱི་དྲིན་ཆེན་པོ།


བོད་པའི་ནང་ཆོས་གྲགས་ཅན་དེ།།
རྒྱ་གར་ཡུལ་ནས་དར་བ་རེད།།
བོད་པའི་སྙན་ངག་བརྗིད་ཅན་དེ།།
རྒྱ་གར་ཡུལ་ནས་དྲངས་པ་རེད།།

ལྷག་པ་དཀར་པོ།

རེས་གཟའ་བདུན་གྱི་ལྷག་པ།། ཀུན་ལས་ལྷག་པ་རེད་འདུག། གང་ལ་གང་དགོས་སྟེར་བའི།། དམིགས་བསལ་ཉིན་མོ་རེད་འདུག།